ཨིན་ཇི་བོད་ནང་བསླེབས་པ།

ཨིན་ཇིའི་དམག་དཔུང་གིས་ཨིན་ཇིའི་རྒྱ་གར་དང་བོད་ཀྱི་ས་མཚམས་བརྒལ་ཏེ་འཛུལ་འགྲོ་སྐབས། བོད་མི་ཚོས་ཁོང་ཚོར་ཕྱི་ལོག་བྱེད་དགོས་པའི་དགོས་འདུན་ནན་གྱིས་བཏོན། འོན་ཀྱང་། ཨིན་ཇིས་བོད་དང་ལྷན་དུ་ཚོང་དོན་གྲོས་མཐུན་གསར་པ་ཞིག་འཇོག་ཐབས་སྐོར་ལ་གྲོས་མོལ་བྱ་རྒྱུའི་རེ་འདུན་བཏོན། དེར་བོད་ཕྱོགས་ནས་ཁས་ལེན་མ་བྱས་པར་བརྟེན། ཨིན་ཇིའི་དམག་དཔུང་མུ་མཐུད་བོད་ཀྱི་ལྟེ་བའི་ཕྱོགས་སུ་བཙན་ཤེད་ཀྱིས་འཛུལ། ཕྱི་ལོ་ ༡༩༠༣ ལོར་ཨིན་དམག་རྣམས་གམ་པ་རྫོང་བརྒལ་མ་ཐུབ་ཅིང་། ཕྱི་ལོ་ ༡༩༠༤ ལོར་ཁོང་ཚོས་དམིགས་ཡུལ་འགྲུབ་རྒྱུའི་ཆོད་སེམས་བཅངས་ཏེ་གནས་སྐབས་ཕྱི་ལོག་བྱས། འོན་ཀྱང་། རིང་པོ་མ་འགོར་པར་ཁོང་ཚོས་སླར་ཡང་བོད་ནང་འཛུལ་ནས་མཐར་ལོ་དེའི་ཟླ་ ༨ པར་ལྷ་སར་དངོས་སུ་བསླེབས་པ་རེད།

British column approaching Tuna
ཕྱི་ལོ་ ༡༩༠༤ ཟླ་ ༠༣ ནང་ཨིན་ཇིའི་དམག་དཔུང་དང་དངོས་ཟོག་དོས་སྐྱེལ་གདང་ལ་བརྒལ་ནས་དུད་སྣ་རུ་སྐྱོད་བཞིན་པ།
Camp at Phari Dzong
ཨིན་ཇིས་ཕག་རི་རྫོང་དུ་དམག་སྡེའི་སྡོད་གུར་བརྒྱབས་པའི་པར་རིས་ཞེང་ག་ཅན་འདིས། ཨིན་ཇིས་བོད་ནང་བཙན་འཛུལ་བྱེད་སྐབས་མི་ཧ་ཅང་མང་པོ་མཉམ་ཞུགས་བྱས་ཡོད་པ་དང་། སེམས་ཅན་ཧ་ཅང་ཕོན་ཆེ་བཀོལ་སྤྱོད་བྱས་ཡོད་པ་ཤེས་རྟོག་བྱེད་ཐུབ་ཀྱི་ཡོད།

ཨིན་ཇིའི་དམག་དཔུང་བོད་ལ་འཛུལ་བའི་གནས་ཚུལ་ཐད། བོད་དང་། རྒྱ་ནག །དེ་བཞིན་ཨིན་ཇི་བཅས་ཀྱི་རྒྱུ་ཆའི་ནང་། གནས་ཚུལ་གྱི་བྱུང་རབས་ཐད་ལ་འགྲེལ་བརྗོད་མི་འདྲ་བ་སོ་སོར་འཁོད་ཡོད། ཡིན་ནའང་ང་ཚོས་གནས་ཚུལ་མང་པོ་ཞིག་རྟོགས་ཐུབ་པ་ནི།

  • ཨིན་ཇིས་གམ་པ་རྫོང་དང་། ཕག་རི་རྫོང་།  དུད་སྣ། མཁའ་རེག་ལ། རྒྱལ་རྩེ། སྣ་དཀར་རྩེ། དེ་བཞིན་དཔལ་དི་རྫོང་བཅས་སུ་སྡོད་སྒར་བརྒྱབས་ཡོད་པ།
  • ཕྱི་ལོ་ ༩༠༤ ཟླ་ ༠༣ པར་ཨིན་ཇིའི་དམག་དཔུང་གིས་དུད་སྣའི་ཉེ་འགྲམ་གྱི་ཆུ་མིག་གཤོངས་ཀོ་ཞེས་པའི་ས་ཆར་བོད་དམག་བརྒྱ་ཕྲག་མང་པོ་དམར་གསོད་དང་རྨས་སྐྱོན་ཚབས་ཆེན་བཏང་བ་མ་ཟད། ལོ་དེའི་ཟླ་ ༠༥ ནས་ ༠༧ ཙམ་ལ་རྒྱལ་རྩེ་དང་དེའི་ཉེ་འཁོར་གྱི་དམག་འཁྲུག་ཁྲོད་བོད་དམག་དེ་ལས་མང་བ་རྐྱེན་ལམ་དུ་བཏང་ཡོད་པ
  • ཨིན་ཇིས་གལ་གནད་ཅན་གྱི་གྲོང་ཚོ་དང་ས་ཁུལ་ཁག་བཙན་བཟུང་བྱེད་ཆེད། ཁོང་ཚོས་དགོན་པ་དང་གཞིས་ཀ་རྣམས་འཕྲོག་བཅོམ་བྱས་པ་མ་ཟདཐ་ན་རྩ་གཏོང་ཡང་བཏང་ཡོད། དཔེར་ནགནསརྙིང་དགོན་པར་འཕྲོག་བཅོམ་དངརྩ་གཏོར་བཏངབརྩེ་ཆེན་དགོན་པར་འཕྲོག་བཅོམ་དངརྩ་གཏོར་བཏང རྒྱརྩེ་རྫོང་དང་དགོན་པཡང་འཕྲོག་བཅོམ་དང་གཏོར་བཤིག་ཚབས་ཆེབཏང་།  ཕ་ལྷའི་གཞིས་ཀར་འཕྲོག་བཅོམ་དངརྩ་གཏོརཏང་། ལྕང་ལོའི་གཞིས་ཀལ་འཕྲོག་བཅོམ་བྱས
  • ཨིན་ཇིའི་དམག་དཔུང་ལྷ་སར་འབྱོར་མཚམས། བོད་གཞུང་གི་ངོས་ནས་ཨིན་ཇི་ལྷན་དུ་ཆིངས་ཡིག་གསར་པ་ཞིག་འཇོག་པར་ཁས་ལེན་བྱསཕྱི་ལོ་ ༡༩༠༤ ཟླ་ ༩ ཚེས་ ༧ ཉིན་ཕོ་བྲང་པོ་ཏ་ལར་དགའ་ལྡན་ཁྲིརིན་པོ་ཆེམཆོགདང་ཨིན་ཇིའི་དམག་དཔོནཡཱང་ཧསིབནགཉིས་ཀྱིས་ཆིངས་ཡིག་དེ་བཞག།།འོན་ཀྱང་། ཨིན་ཇིའི་གཞུང་གི་ངོས་ནས་ཡུན་རིང་མ་འགོར་ར་ཡཱང་ཧ་སི་བན་གྱིབཏོན་པའི་དགོས་འདུན་འདོད་བློ་མ་ཁེངས་ཏེཆིངས་ཡིག་དེ་ཉིད་འཕྲལ་མར་རྩིས་མེད་དུ་བཏང་།

པར་རིས་འདི་དག་གིས་ལོ་རྒྱུས་ཀྱི་རྒྱུ་ཆ་གཞན་དག་དང་འདྲ་བར། ཨིན་ཇིས་བོད་ལ་བཙན་འཛུལ་བྱས་པའི་གནས་ཚུལ་གྱི་བདེན་དོན་ཆ་ཤས་ཤིག་མ་གཏོགས་གསལ་སྟོན་བྱེད་ཐུབ་ཀྱི་མེད།

Tuna Camp and Chomolhari in distance
ཨིན་ཇིའི་དམག་དཔུང་དགུན་དུས་སུ་ཟླ་བ་འགའི་རིང་དུད་སྣར་དམག་སྒར་བརྒྱབས་ཏེ་བསྡད་དགོས་བྱུང་ཡོད་ཅིང་། གནམ་གཤིས་ཇེ་བཟང་དུ་འགྲོ་སྐབས་དང་བསྟུན་རིམ་བཞིན་བོད་ཕྱོགས་སུ་བསྐྱོད་ཡོད།

ཨིན་ཇིའི་དམག་དཔུང་གིས་ཨིན་ཇིའི་རྒྱ་གར་དང་བོད་ཀྱི་ས་མཚམས་བརྒལ་ཏེ་འཛུལ་འགྲོ་སྐབས། བོད་མི་ཚོས་ཁོང་ཚོར་ཕྱི་ལོག་བྱེད་དགོས་པའི་དགོས་འདུན་ནན་གྱིས་བཏོན། འོན་ཀྱང་། ཨིན་ཇིས་བོད་དང་ལྷན་དུ་ཚོང་དོན་གྲོས་མཐུན་གསར་པ་ཞིག་འཇོག་ཐབས་སྐོར་ལ་གྲོས་མོལ་བྱ་རྒྱུའི་རེ་འདུན་བཏོན། དེར་བོད་ཕྱོགས་ནས་ཁས་ལེན་མ་བྱས་པར་བརྟེན། ཨིན་ཇིའི་དམག་དཔུང་མུ་མཐུད་བོད་ཀྱི་ལྟེ་བའི་ཕྱོགས་སུ་བཙན་ཤེད་ཀྱིས་འཛུལ། ཕྱི་ལོ་ ༡༩༠༣ ལོར་ཨིན་དམག་རྣམས་གམ་པ་རྫོང་བརྒལ་མ་ཐུབ་ཅིང་། ཕྱི་ལོ་ ༡༩༠༤ ལོར་ཁོང་ཚོས་དམིགས་ཡུལ་འགྲུབ་རྒྱུའི་ཆོད་སེམས་བཅངས་ཏེ་གནས་སྐབས་ཕྱི་ལོག་བྱས། འོན་ཀྱང་། རིང་པོ་མ་འགོར་པར་ཁོང་ཚོས་སླར་ཡང་བོད་ནང་འཛུལ་ནས་མཐར་ལོ་དེའི་ཟླ་ ༨ པར་ལྷ་སར་དངོས་སུ་བསླེབས་པ་རེད།

British column approaching Tuna
ཕྱི་ལོ་ ༡༩༠༤ ཟླ་ ༠༣ ནང་ཨིན་ཇིའི་དམག་དཔུང་དང་དངོས་ཟོག་དོས་སྐྱེལ་གདང་ལ་བརྒལ་ནས་དུད་སྣ་རུ་སྐྱོད་བཞིན་པ།
Camp at Phari Dzong
ཨིན་ཇིས་ཕག་རི་རྫོང་དུ་དམག་སྡེའི་སྡོད་གུར་བརྒྱབས་པའི་པར་རིས་ཞེང་ག་ཅན་འདིས། ཨིན་ཇིས་བོད་ནང་བཙན་འཛུལ་བྱེད་སྐབས་མི་ཧ་ཅང་མང་པོ་མཉམ་ཞུགས་བྱས་ཡོད་པ་དང་། སེམས་ཅན་ཧ་ཅང་ཕོན་ཆེ་བཀོལ་སྤྱོད་བྱས་ཡོད་པ་ཤེས་རྟོག་བྱེད་ཐུབ་ཀྱི་ཡོད།

ཨིན་ཇིའི་དམགདཔུང་བོདལ་འཛུལ་བའི་གནས་ཚུལཐད། བོདདང་། རྒྱནག དེ་བཞིན་ཨིནཇི་བཅས་ཀྱིརྒྱུ་ཆའིནངགནས་ཚུལ་གྱི་བྱུང་རབས་ཐད་ལ་འགྲེལ་བརྗོད་མི་འདྲབ་སོ་སོར་འཁོད་ཡོད། ཡིན་ནའང་ང་ཚོས་གནས་ཚུལ་མང་པོ་ཞིག་རྟོག་ཐུབ་པ་ནི

  • ཨིན་ཇིགམཔ་རྫོང་དངརི་རྫོང།  དུད་སྣམཁའ་རེག་ལ རྒྱརྩེསྣ་དཀར་རྩེ། དེ་བཞིན་དཔལ་དིརྫོང་བཅས་སུ་སྡོདསྒརབརྒྱབས་ཡོད་པ