༡༠༨ཞི་བདེའི་གྲངས་འཛིན་འགྲེམས་སྟོན་ཁང་།

གྲངས་འཛིན་འགྲེམས་སྟོན་ཁང་འདི་ནི། ༡༠༨ཞི་བདེ་ལྟེ་གནས་ཀྱི་ལས་གཞི་གཙོ་བོ་ཞིག་སྟེ། གསོན་ཉམས་ལྡན་པའི་གྲངས་འཛིན་འགྲེམ་སྟོན་གྱི་སྡིངས་ཆ་ཞིག་ཡིན་ལ། ལྟེ་གནས་འདི་ཡིས་བརྡ་འཕྲིན་སྣ་ཚོགས་ཀྱི་ནང་དོན་དང་། ལོ་རྒྱུས་རིག་དངོས། སློབ་གསོའི་རྒྱུ་ཆ། གཏམ་རྒྱུད་བཅས་ཆེད་ལས་རང་བཞིན་གྱི་ཐོག་ནས་བསྡུ་རུབ་བྱས་པའི་རྒྱུ་ཆ་ཁག་བརྒྱུད། ལྟེ་གནས་འདིས་གལ་ཆེན་དུ་བཟུང་བའི་བརྗོད་དོན་གཙོ་བོ་ཁག་གསོན་ཉམས་ལྡན་པའི་ཐོག་ནས་གསལ་འདོན་གྱིས་འགྲན་ཟླ་བྲལ་བའི་སློབ་སྦྱོང་གི་ཁོར་ཡུག་ཅིག་གསར་སྐྲུན་བྱས་ཡོད།

གྲངས་འཛིན་འགྲེམས་སྟོན་ཁང་འདི་ཉིད་བརྒྱུད་ནས། ང་ཚོས་༡༠༨ཞི་བདེ་ལྟེ་གནས་ཀྱི་དམིགས་ཡུལ་བཞི་སྟེ། རང་དབང་དང་། མང་གཙོ། གནམ་གཤིས་ལས་འགུལ། འགོ་ཁྲིད་ཀྱི་ནུས་པ་བཅས་ཀྱི་སྐོར་ལ་ལྟ་ཀློག་བྱེད་མཁན་རྣམ་པར་གནས་ཚུལ་དང་ཤེས་བྱ་མཁོ་སྤྲོད་བྱས་ཏེ། སྐྱེ་བོ་སུ་ཞིག་གནས་ཡུལ་གང་དུ་ཡོད་ཀྱང་བར་ཐག་གི་བཀག་རྒྱ་མེད་པར་སྟབས་བདེའི་ངང་ལྟ་ཀློག་བྱེད་ཐུབ་པ་ཞིག་བཟོ་ཐུབ་པའི་དམིགས་ཡུལ་འཆང་ཡོད། སྐུ་ཉིད་སློབ་ཕྲུག་དང་། ཞིབ་འཇུག་པ། ལས་འགུལ་པ། སློབ་གསོ་བ། ཡང་ན་སྒྱུ་རྩལ་ལ་དགའ་མོས་ཡོད་མཁན་གྱི་གང་ཟག་སུ་ཞིག་ཡིན་ཡང་། ང་ཚོའི་གྲངས་འཛིན་འགྲེམས་སྟོན་ཁང་འདི་ནི། ཁྱེད་ཅག་ལ་སྐུལ་འདེད་དང་ཤེས་བྱ་མཁོ་སྤྲོད་ཀྱིས་ཕུན་སུམ་ཚོགས་པའི་ཉམས་མྱོང་ཞིག་བར་མེད་དུ་འབུལ་ཐུབ་པའི་ཆེད་དུ་བསྐྲུན་ཡོད།

དྲྭ་ཐོག་འགྲེམས་སྟོན་ཁང་།

དྲྭ་ཐོག་འགྲེམས་སྟོན་ཁང་འདི་བརྒྱུད་ནས། སྐུ་ཉིད་ཀྱིས་ང་ཚོས་ཕྱོགས་བསྡུས་བྱས་པའི་གྲངས་འཛིན་འགྲེམས་སྟོན་གྱི་རྒྱུ་ཆ་ཕོན་ཆེན་ཞིག་རྙེད་ཐུབ་པ་དང་། རྒྱུ་ཆ་དེ་དག་ལས་བློ་བསྐྱེད་འབྱུང་ཐུབ་པའི་ཆེད་དུ་འདི་དག་ཞིབ་མོ་རྣམ་འཐག་གིས་ལེགས་སྒྲིག་བྱས་ཡོད་ལ། འགྲེམས་སྟོན་ཁང་འདི་ནས་ལྟ་ཀློག་ཐུབ་པའི་རྒྱུ་ཆ་ཁག་ནི། གསལ་ཆ་ཆེ་བའི་པར་རིས་དང་། ཞིབ་ཚགས་པའི་འགྲེལ་བཤད། མཁས་པའི་དཔྱད་བརྗོད་བཅས་དང་ལྷན་དུ་འགྲེམས་སྟོན་བྱས་ཡོད། ཁྱེད་ཀྱིས་རང་རང་དགའ་མོས་བྱ་ཡུལ་གྱི་བརྗོད་གཞི་ལ་གཏིང་ཟབ་མོར་འཇུག་པའམ། ཡང་ན་སྤྲོ་སྣང་ཅན་གྱི་བརྗོད་གཞི་གསར་པ་ཞིག་འཚོལ་ཞིབ་བྱེད་འདོད་ན། འགྲེམས་སྟོན་ཁང་འདི་ཐམས་ཅད་རང་གི་མདུན་གྱི་འཆར་ངོས་ནས་རྙེད་ཐུབ་སའི་གནས་ཡག་ཤོས་དེ་ཡིན།

རྟོག་བཟོ་འགྲེམས་སྟོན་ཁང་། (གོ་ས་མི་གཅོད་པའི་རྟོག་བཟོ་འགྲེམས་སྟོན་ཁང་།)

སྐུ་ཉིད་ཀྱིས་རང་ཁྱིམ་ནང་ནས་ངོ་མཚར་བའི་འགྲེམས་སྟོན་ལ་ལོངས་སུ་སྤྱོད་ཆོག་པའི་ང་ཚོའི་རྟོག་བཟོ་འགྲེམས་སྟོན་ཁང་གི་3D བརྙན་རིས་ཀྱི་ཁོར་ཡུག་ཁྲོད་ནས། ཁྱེད་རང་ལ་འགྲེམས་སྟོན་ཁང་ངོ་མའི་ནང་དངོས་སུ་བསླེབས་ཡོད་པ་ལྟ་བུའི་མྱོང་ཚོར་སྐྲུན་ཐུབ་ལ། ཁྱེད་ཀྱིས་འགྲེམས་སྟོན་ཁང་དེའི་ནང་ནས་འགྲུལ་སྐྱོད་ཀྱི་ཁ་ལོ་ལ་སྟངས་འཛིན་བྱེད་བཞིན། དེར་དངོས་སུ་གོམ་པ་རྒྱག་པ་ལྟར་བྱས་ཏེ་སྒྱུ་རྩལ་བརྩམས་ཆོས་དང་རིག་དངོས་ཁག་ལ་རོལ་མྱོང་བྱེད་པ་དང་། ལོ་རྒྱུས་དང་རིག་གཞུང་ལ་གསོན་ཉམས་སྟེར་བྱེད་ཀྱི་བརྡ་འཕྲིན་འཕྲུལ་ཆས་ཀྱི་ཐབས་ལམ་སྣ་ཚོགས་བཀོལ་སྤྱོད་བྱེད་ཆོག

Virtual Museum

གྲངས་འཛིན་ཡིག་ཚགས་ཀྱི་འབོད་སྐུལ།

༡༠༨ཞི་བདེ་ལྟེ་གནས་ནས་ནས་བོད་ཀྱི་ཤུལ་བཞག་རིག་གནས་དང་ལོ་རྒྱུས་ཕྱུག་པོ་དེ་སྲུང་སྐྱོབ་དང་བརྒྱུད་སྤེལ་ཡོང་ཆེད། གྲངས་འཛིན་གྱི་མཛོད་ཁང་ངམ་གྲངས་འཛིན་ཡིག་ཚགས་ཁང་ཞིག་གསར་བཟོ་བྱས་ཏེ་ཡར་རྒྱས་གཏོང་བཞིན་ཡོད། དེ་ཡང་། ང་ཚོའི་ཡིག་ཚགས་ཁང་གིས་བོད་ཀྱི་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས། ༸སྤྱི་ནོར་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་རླབས་ཆེན་གྱི་མཛད་པ་འཕྲིན་ལས་བཅས་དང་འབྲེལ་བའི་པར་རིས་དང་། ཡིག་ཆ། བརྙན། སྒྲ། དངོས་པོ། རིག་སོགས་རྒྱུ་ཆ་སྣ་ཚོགས་ལ་ལྟ་ཀློག་བྱེད་ཐུབ་པའི་མཐུན་རྐྱེན་སྦྱོར་རྒྱུ་ཡིན་ལ། ང་ཚོས་བསྡུ་སྒྲིག་བགྱིས་པའི་རྒྱུ་ཆ་རེ་རེ་ལ་ནན་ཏན་ཚུལ་གྱིས་ཞིབ་འཇུག་དང་། ཐོ་འགོད། དེ་བཞིན་དཀར་ཆག་བཅས་བཟོ་སྒྲིག་བྱས་ནས་འཛམ་གླིང་ཡོངས་སུ་གནས་པའི་བོད་མི་དང་བོད་མི་མ་ཡིན་པ་ཚང་མར་ལྟ་ཀློག་ཐུབ་པ་ཞིག་བཟོ་རྒྱུ་ཡིན།

ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི། བོད་མི་རིགས་ཀྱི་ལོ་རྒྱུས་དང་། སྲོལ་རྒྱུན། དེ་བཞིན་ཤུལ་བཞག་རིག་དངོས་རྣམས་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ཞིང་། ང་ཚོས་བོད་པ་དང་མི་རིགས་གཞན་པ་ཚང་མར་དོན་སྙིང་ལྡན་པའི་ལས་དོན་འདིར་ཞབས་འདེགས་གནང་པར་སྐུལ་མ་ཞུ་བཞིན་ཡོད་ལ། སྐུ་ཉིད་ཀྱིས་ཞལ་འདེབསས་སུ་ཕུལ་བའི་དྲྭ་རྒྱའི་རྒྱུ་ཆའམ་ཡང་ན་རྒྱུ་ཆ་ཨ་མ་དེ་ལ་བརྟེན་ནས། རིན་ཐང་བྲལ་བའི་རྒྱུ་ཆ་འདི་དག་མ་འོངས་པའི་མི་རབས་ཚོས་ཀྱང་ལོངས་སུ་སྤྱོད་ཐུབ།

སྐུ་ཉིད་ཀྱིས་པར་རིས་དང་། ཡིག་ཆ། དངོས་རིག ཡང་ན་བརྙན་འཕྲིན་སོགས་མཁོ་སྤྲོད་གནང་ཐུབ་ཚེ། དེས་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་ཤུལ་བཞག་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱེད་པར་ནུས་པ་གལ་ཆེན་འདོན་ཐུབ་རྒྱུ་རེད།

ཡིག་ཚགས་ཁང་འདི་འཛུགས་སྐྲུན་བྱེད་པ་དང་བོད་ཀྱི་བླ་སྲོག་གསོན་པོར་ཉར་ཐུབ་པའི་ཆེད་དུ་ང་ཚོ་དང་ལྷན་དུ་མཉམ་ལས་གནང་རོགས། མཉམ་རུབ་བྱུང་ན་ཉམས་པ་མེད་པའི་ནུས་པ་འདོན་ཐུབ།

དྲྭ་རྒྱའི་ཡིག་ཚགས་ལ་ཞལ་འདེབས་འབུལ་སྟངས་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་རྣམས་ཤེས་འདོད་ན། ང་ཚོའི་གཤམ་འཁོད་ཁ་བྱང་དུ་འབྲེལ་བ་གནང་ཡོང་བ་ཞུ། president@108peaceinstitute.org or museum@108peaceinstitute.org

Upload Digital Assets to 108 Peace Institute Digital Archive