མི་སྣ་ངོ་སྤྲོད་ཀྱི་པར་རིས།

པར་དེབ་འདིའི་ནང་གི་མི་སྣ་རྣམས་ནི། ཨིན་ཇི་དང་ལྷན་དུའམ་ཡང་ན་ཨིན་ཇིའི་ཆེད་དུ་གྲོས་མོལ་ནང་མཉམ་ཞུགས་བྱེད་མཁན་གྱི་བོད་དང་འབྲུག་ཡུལ། བལ་ཡུལ། དེ་བཞིན་རྒྱ་ནག་བཅས་ཀྱི་གཞུང་འབྲེལ་མི་སྣ་རྣམས་རེད། དེ་ནི་དུས་རབས་ཉི་ཤུའི་བོད་ཀྱི་ལོ་རྒྱུས་ཁྲོད་གལ་ཆེའི་མི་སྣ་མང་པོ་ཞིག་ལ་པར་བླངས་པ་དེ་ཧ་ལམ་ཐོག་མ་ཆགས་ཡོད་སྲིད། ཁོང་ཚོས་པར་ཆས་ལ་མིག་ཟུང་གཟབ་ནན་ངང་ཅེར་བཞིན་ཡོད་སྟབས། ཁོང་ཚོས་པར་ལེན་མཁན་གྱི་རེ་འདུན་ལྟར་ཆེད་མངགས་པར་ཆས་ལ་ཁ་ཐུག་ཞལ་ཕྱོགས་ཡིན་པ་གསལ་པོ་རེད།

Shapés leaving Lhalu house
Shapés leaving Lhalu house

ཨིན་ཇིའི་དམག་མིས་ཞབས་པད་(བཀའ་བློན།)རྣམ་པ་བཞི་ལ་ཡང་ཡང་འདྲ་པར་མང་པོ་བླངས་ཡོད་ཅིང་། འདིར་སྲས་ཆུང་ཞབས་པད་དང་ཚ་རོང་ཞབས་པད་རྣམ་གཉིས་ལྷ་ཀླུའི་གཟིམ་ཤག་ནས་ཨིན་ཇིའི་དམག་དཔོན་ཀཱ་ནལ་ ཡཱང་ཧ་སི་བན་དང་ལྷན་གྲོས་མོལ་གནང་རྗེས་ཕྱིར་འཐོན་བཞིན་པའི་པར་རིས་ཤིག་ཡིན་ལ། ཨིན་དམག་རྣམས་ཀྱིས་གཟིམ་ཤག་དེ་བཙན་བཟུང་བྱས་ཏེ། ལྷ་སར་བསྡད་རིང་ཁོང་ཚོའི་བཀོད་འདོམས་རྟེན་གཞིར་བཀོལ་སྤྱོད་བྱས་ཡོད་པ་རེད།

ཨིན་ཇི་བས་བོད་མི་ཚོར་པར་ལེན་པར་ཧ་ཅང་འདོད་པ་ཆེན་པོ་བྱས་ཡོད། ཕྱི་ལོ་ ༡༩༠༤ ལོར་ཁོང་ཚོས་བོད་ལ་བཙན་འཛུལ་བྱས་ཤིང་། དེའི་སྔོན་དུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབང་ཆའི་སྒྲོམ་གཞིའི་སྐོར་ལ་རྒྱུས་མངའ་ཧ་ཅང་ཉུང་ངུ་ཙམ་ལས་མེད། བཙན་འཛུལ་བྱས་རྗེས་ཁོང་ཚོས་བོད་ནང་གི་དབང་ཤུགས་ཆེ་ཤོས་ཀྱི་མི་དྲག་དང་དཔོན་དྲག་སུ་ཡིན་མིན་པར་དུ་བླངས་ཏེ། གང་ཐུབ་ཅི་ཐུབ་ཀྱིས་ཕྱོགས་ཡོངས་ཀྱི་གནས་ཚུལ་རྣམས་བསྡུ་རུབ་བྱས་ཡོད་ཅིང་། དེའི་དམིགས་ཡུལ་ནི་དོགས་ཟོན་བྱེད་དགོས་ས་དང་ཡིད་ཆེས་བྱེད་ཆོག་པའི་བོད་མི་སུ་སུ་ཡིན་མིན་རྒྱུས་ལོན་ཡོང་ཆེད་རེད།

GandenTripa
སྐབས་དེར་ཨིན་ཇིའི་དམག་དཔོན་ཡཱང་ཧ་སི་བན་ལྷན་དུ་༼ཨིན་བོད་ཆིངས་ཡིག༽ལ་མོས་མཐུན་དང་མིང་རྟགས་འགོད་རྒྱུའི་ལས་འགན་ལྕི་མོ་དེ་ཉིད་དགའ་ལྡན་ཁྲི་པ་བློ་བཟང་རྒྱལ་མཚན་མཆོག་གི་ཕྲག་ཐོག་ཏུ་བབས་པ་རེད། འདྲ་པར་འདི་ནི་ལྷ་ཀླུའི་གཟིམ་ཤག་ཏུ་ཆིངས་ཡིག་དང་འབྲེལ་བའི་ཐོག་ཆེས་མཐའ་མའི་གོ་བསྡུར་བྱེད་སྐབས་སུ། ཨིན་ཇིའི་གཞུང་འབྲེལ་པར་པ་ ཇོན་ ཁི་ལོ་ཌི་ ཝེ་ཊི་ཡིས་བླངས་པ་ཞིག་རེད།
Tongsa Penlop and entourage – three photographs side by side

བོད་དང་ཨིན་ཇི་དབར་རྒྱལ་རྩེ་རུ་གྲོས་མོལ་བྱེད་སྐབས། ཀྲོང་གསར་དཔོན་སློབ་ཨོ་རྒྱན་དབང་ཕྱུག་གིས་བོད་མིར་རྒྱབ་སྐྱོར་མ་བྱས་པར། དེ་ལས་ལྡོག་སྟེ་ཨིན་ཇིའི་ཕྱོགས་ལ་རྒྱབ་སྐྱོར་བྱས་པ་རེད། པར་རིས་འདི་དག་ཀྲོང་གསར་དཔོན་སློབ་འཁོར་དང་བཅས་པ་གྲོ་མོར་འབྱོར་སྐབས་སུ་བླངས་པ་ཞིག་ཡིན།  