ལྷ་སའི་པར་དེབ།
པར་པ་ཇོན་ ཁི་ལོ་ཌི་ ཝེ་ཊི་ཡི་༼ལྷ་སའི་པར་དེབ།༽ཅེས་པའི་དེབ་དེ་ཨིན་ཇིའི་གསང་བའི་ཡིག་ཆ་ཞིག་ཡིན་པ་ཙམ་དུ་མ་ཟད། ཐོག་མར་གཞན་ལ་ལག་རྟགས་འབུལ་ཆེད་བཟོས་པ་ཞིག་ཀྱང་རེད། བོད་ཨིན་གཉིས་དབར་གྲོས་མོལ་གྱི་རྩོད་གླེང་ཤུགས་ཆེ་རུ་འགྲོ་སྐབས་པར་པ་ཝེ་ཊི་ཡིས་ཁོང་དང་ཐུག་འཕྲད་བྱུང་བའི་བོད་འབྲུག་རྒྱ་གསུམ་གྱི་དཔོན་རིགས་རྣམས་པར་དུ་བླངས་ཡོད། དཔོན་རིགས་ཚོས་ཝེ་ཊི་ལ་ཁོང་རྒྱ་གར་དུ་ཕྱི་འབྱོར་རྗེས་པར་རིས་དེ་དག་གི་འདྲ་བཤུས་རེ་གཏོང་བའི་རེ་འདུན་ཡང་བཏོན་ཡོད།

པར་དེབ་ཆེན་པོ་འདིའི་ཕྱི་སྐོགས་ཀོ་བས་བཟོས་ཡོད་ཅིང་། ཁ་བྱང་སྟེང་གསེར་གྱི་ཡི་གེ་བྲིས་ཡོད། དེ་དག་ནི་རྩ་ཆེ་བའི་ལག་རྟགས་ཤིག་ཡིན་པ་མ་ཟད། རིན་གོང་གི་མ་རྩ་ཡང་ཧ་ཅང་མཐོ་པོ་ཡིན།
པར་པ་ཇོན་ ཁི་ལོ་ཌི་ ཝེ་ཊི་ཡི་༼ལྷ་སའི་པར་དེབ།༽ནང་དུ་མིའི་ཕུང་པོ་དང་གཏོར་བཤིག་བཏང་བའི་པར་རིས་མཐོང་རྒྱུ་མེད། དེ་ལྟར་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན། དེའང་ཨིན་དམག་གཞན་པ་མང་པོས་བོད་མིའི་ཕུང་པོའམ་རྨས་སྐྱོན་ཤོར་བ་དང་འཕྲོག་བཅོམ་བྱ་ཡུལ་གྱི་གལ་ཆེའི་ས་ཚིགས་ཁག་ལ་པར་བླངས་ཡོད། འོན་ཀྱང་། པར་པ་ཝེ་ཊི་ཡིས་དེ་ལྟར་མ་བྱས་པའམ་ཡང་ན་བྱེད་ཐུབ་ཀྱི་མེད་པ་རེད། རྒྱུ་མཚན་ཁོ་པའི་པར་ཆས་ལྗིད་པོ་ཡིན་སྟབས་པར་སྒྲིག་རྒྱུར་དུས་ཚོད་འགོར་པོ་ཡོད། དེར་བརྟེན་གནས་ཚུལ་འབྱུང་བཞིན་པའི་སྐབས་པར་ལེན་བྱེད་ཐུབ་མི་སྲིད་པ་ཞིག་ཡིན། གཞན་ཡང་། ཝེ་ཊི་ཡིས་བོད་མི་ཚོར་བག་ཆགས་བཟང་པོ་དང་སྣང་བརྙན་ཡག་པོ་སྐྲུན་སླད། ཁོ་རང་གིས་ཐུག་པའི་བོད་མི་ཚོར་རྔན་པའི་ཚུལ་དུ་པར་དེབ་མང་པོ་ཞིག་སྤྲད་ཡོད། གལ་ཏེ་པར་དེབ་དེས་ཁོང་གིས་རོགས་རམ་བྱས་པའི་གཏོར་བརླག་དེ་སྟོན་ན། དེ་ནི་ཐབས་ལམ་ཡག་པོ་ཞིག་མིན་པ་གསལ་པོ་རེད།

ཨིན་ཇིའི་པར་པ་ཝེ་ཊི་ཡིས་༧པཎ་ཆེན་སྐུ་ཕྲེང་དགུ་པ་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་དང་། དགའ་ལྡན་ཁྲི་པ་བློ་བཟང་རྒྱལ་མཚན་མཆོག །ཞབས་པད་(བཀའ་བློན་)བཞི་བཅས་ལ་ཆེད་མངགས་པར་དེབ་རེ་རེ་བཟོས་ཏེ་ཕུལ་ཡོད་ལ། གཞན་ཡང་། འབྲུག་གི་སྐུ་ཚབ་ཀྲོང་གསར་དཔོན་སློབ་ཨོ་རྒྱན་དབང་ཕྱུག་དང་མན་ཇིའི་ཨམ་བན་ཡུ་ཏ་གཉིས་ལའང་པར་དེབ་རེ་བཟོས་ནས་ཕུལ།

ཆིངས་ཡིག་ཐོག་གྲོས་མོལ་མཐའ་མའི་སྐབས་ལྷ་ཀླུའི་གཟིམ་ཤག་ཏུ་བསྒྲོན་པའི་ཞབས་པད་རྣམ་པའི་ལྷན་པར།