གསང་བའི་གནས་ཚུལ་མཁོ་སྒྲུབ།
ཨིན་ཇིའི་པར་པ་ཇོན་ ཁི་ལོ་ཌི་ ཝེ་ཊི་ཡིས་བླངས་པའི་པར་རིས་འདི་དག་གིས། ཨིན་ཇིའི་དམག་དཔུང་འབྲས་ལྗོངས་བརྒྱུད་ལྷ་སར་རིམ་པར་སྐྱོད་སྐབས་ཀྱི་ལམ་གནས་ཞིབ་ཕྲ་གསལ་སྟོན་བྱས་ཡོད། ཁོང་གིས་ཆེད་མངགས་ཟམ་པ་དང་རི་ལམ་དང་ཁང་པ་བཅས་གཙོ་བོར་དམིགས་ཏེ་པར་དུ་བླངས་པའི་དམིགས་ཡུལ་ནི། དོན་དངོས་སུ་གསང་བའི་གནས་ཚུལ་མཁོ་སྒྲུབ་བྱེད་བཞིན་པ་རེད་ལ། བོད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་པར་རིས་བརྒྱུད་ནས་འབྱུང་འགྱུར་ཁོང་ཚོར་རྒྱ་གར་ནས་ལྷ་སར་འཛུལ་སྐབས་འགྲོ་ལམ་སྟབས་བདེ་ཡོང་བའི་ཆེད་དུ་རེད།

ཨིན་ཇིའི་དམག་དཔུང་ལྷ་སར་སྐྱོད་སྐབས་ལམ་བར་ནས་ལྕགས་ཟམ་གྲུ་ཁ་དང་གྲུ་པ་འཛིན་བཟུང་བྱས་ཡོད། སྐབས་དེར་ཨིན་ཇིས་འདྲ་པར་ཡང་མང་པོ་བླངས་ཡོད། གལ་ཏེ་གྲུ་ཤན་མེད་ན་གཙང་པོ་ནི་རང་བྱུང་གི་འགོག་རྐྱེན་ཞིག་ཡིན་པས། ཟམ་པ་བཙུགས་ན་མ་གཏོགས་གཞན་གཙང་པོ་བརྒལ་ཐབས་མེད་པ་རེད།

ཨིན་ཇིའི་པར་པ་ཇོན་ ཁི་ལོ་ཌི་ ཝེ་ཊི་ཡིས་བོད་ཀྱི་ཁང་བརྩེགས་ནང་དུ་འགྲོ་ལམ་སྟབས་བདེ་ཤོས་གང་ཡིན་པ་དེ་དག་ཀྱང་པར་དུ་བླངས་ཡོད། དཔེར་ན། ལྷ་སའི་གནས་ཆུང་གྲྭ་ཚང་ལའང་ཁོང་གིས་རྡོ་གཅལ་དང་སྐས་འཛེག།།སྒོ་ལམ། ཐ་ན་སྒོ་སྲུང་མཁན་གྱི་འདོགས་ཁྱི་ཚུན་ཆད་ལའང་པར་བླངས་ཏེ་འགོག་རྐྱེན་ཇི་ཡོད་ཀྱི་གནས་ཚུལ་ཁག་ཞིབ་ཕྲ་བསྡུ་རུབ་བྱས་ཡོད།
ཨིན་ཇིའི་གཞུང་འབྲེལ་པར་པ་ཇོན་ ཁི་ལོ་ཌི་ ཝེ་ཊི་ཡིས་བླངས་པའི་འདྲ་པར་དེ་དག་ཡིད་དབང་འཕྲོག་པོ་ཞིག་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་འདྲ་པར་དེ་དག་གིས་ཁོང་ཚོར་བོད་ནང་བཙན་འཛུལ་བྱ་བར་ལམ་སྟོན་གྱི་རོགས་དན་བྱེད་ཀྱི་ཡོད། འདྲ་པར་དེ་དག་གིས་ཨིན་དམག་རྣམས་བརྒལ་མ་ཐག་པའི་ཟམ་པ་དང་ཆུ་བོ་དང་རི་བོ་བཅས་སྟོན་གྱི་ཡོད་ལ། རྐང་པ་བཙུགས་མྱོང་མེད་པའི་རྒྱང་རིང་གི་ལུང་གཤོངས་དང་རི་ཚོགས་རྣམས་ཀྱི་ལམ་ཐིག་ཡང་མཚོན་པར་བྱས་ཡོད། འདྲ་པར་དེ་དག་གིས་མ་འོངས་པར་གལ་སྲིད་ཁོང་ཚོས་བོད་ནང་བཙན་འཛུལ་བྱེད་དགོས་ན། འགོ་གང་ནས་འཛུགས་དགོས་མིན་ཐད་ལ་རྒྱུ་ཆ་གལ་ཆེན་ཞིག་སྐྲུན་ཡོད།

ཨིན་ཇིའི་དམག་དཔུང་གམ་པ་རྫོང་དུ་སྡོད་གུར་བརྒྱབས་ནས་སྡོད་སྐབས། པར་པ་ཇོན་ ཁི་ལོ་ཌི་ ཝེ་ཊི་ཡིས་ཇོ་མོ་གླང་མ་ཡང་པར་ལེན་བྱས་ཡོད། ཇོ་མོ་གླང་མ་ནི་འཛམ་གླིང་ནང་རི་མཐོ་ཤོས་ཤིག་ཡིན་སྟབས། ཨིན་ཇིས་འཛམ་གླིང་མི་མང་ལ་རང་གི་སྟོབས་འབྱོར་མངའ་ཐང་ངོམས་རྒྱུ་དང་། འཛམ་གླིང་གཞན་ལ་ཧ་གོ་འཇུག་ཆེད་ཇོ་མོ་གླང་མའི་རི་རྩེར་འཛེགས་རྒྱུའི་འདོད་པ་ཤུགས་ཆེ་བཅངས་ཡོད།