ལྷ་ས།
ང་ཚོས་ཇོ་ཁང་སྦུག་གི་མཆོད་ཁང་ནག་ཁུངས་ནས་ཐོན་ཞིང་། ཉི་ཟེར་རབ་ཏུ་འཕྲོ་བའི་ཁང་པའི་ཕྱི་རོལ་དུ་འབྱོར་མཚམས། ཧ་ལམ་ལྷ་སའི་མི་འབོར་ཕྱེད་ཀ་ཙམ་འདུ་འཛོམས་བྱས་ཏེ་ཚང་ཁ་ཤིག་ཤིག་གིས་འུར་ཆིལ་ལེ་བྱེད་བཞིན་འདུག དེ་ནས། མི་མང་གིས་རྡོ་ཞིག་འཕེན་ཏེ་པར་པ་ཝེ་ཊིའི་ཉེ་འགྲམ་གྱི་རྡོ་རིང་ལ་ཕོག་ཅིང་། རྡོ་དེས་ཕྲན་བུ་ཙམ་མིན་ན་ཝེ་ཊིའི་མགོ་ལ་བརྒྱབས། དེ་ནི་བརྡ་རྟགས་ཤིག་ཡིན་པ་འདྲ་སྟེ་ཡུན་ཙམ་ཕྱིན་པ་ན་རྡོ་ཆར་བབས་པ་ལྟར་བྱུང།
༼ལྷ་ས།༽ པེར་སི་ཝལ་ ལང་སྒྲོན། ཕྱི་ལོ་ ༡༩༠༥ ལོར་པར་སྐྲུན་བྱས།

ལྷ་སའི་རྣམ་པ། ཇོ་ཁང་ལ་རྒྱང་ལྟ་བྱས་པ། པར་པ། ཇོན་ ཁི་ལོ་ཌི་ ཝེ་ཊི།
ཨིན་ཇིའི་དམག་དཔུང་ལྷ་སར་འབྱོར་སྐབས། ལྷ་སའི་མི་དམངས་ཀྱིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད། ཨིན་ཇིས་ཆུ་མིག་གཤོངས་ཀོ་དང་རྒྱལ་རྩེ་རུ་མི་གསོད་ཁྲག་སྦྱོར་དང་གཏོར་བཤིག་ཚད་མེད་བཏང་བའི་གནས་ཚུལ་རྣམས་ཁོང་ཚོ་ལྷ་སར་མ་བསླེབས་གོང་ནས་ཕྱོགས་བཅུར་ཁྱབ་ཟིན་ཡོད། དེར་བརྟེན་ཨིན་ཇིའི་དམག་དཔུང་ལྷ་སར་འབྱོར་སྐབས་བོད་མི་ཚོས་དོགས་ཟོན་དང་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད། པར་རིས་མང་པོ་ཞིག་ནས་བོད་མི་ཚོས་མ་བོས་མགྲོན་པོ་དེ་དག་ལ་རྣམ་འགྱུར་ཇི་ལྟར་བསྟན་ཡོད་མེད་གསལ་པོ་མཚོན་ཡོད།

ཕྱི་ལོ་ ༡༩༠༤ ཟླ་ ༨ ནང་ཨིན་ཇིའི་དམག་སྤྱི་མེག་ཌོ་ནལ་ཌི་གྱིས་སྣེ་ཁྲིད་པའི་དམག་དཔུང་ལྷ་སར་འཛུལ་སྐབས།
ཨིན་དམག་ལྷ་སར་འབྱོར་ཏེ་ལྷ་སའི་ཁྲོམ་གཞུང་དང་དགོན་པ། དེ་བཞིན་ལྷ་ཁང་སོགས་སུ་འཁྱམས་ཉུལ་བྱེད་སྐབས། བོད་མི་ཚོས་ཁོང་ཚོར་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད། དེ་ཡང་ཨིན་ཇིས་ལྷ་ཁང་ནང་གི་རྩ་ཆེའི་སྐུ་བརྙན་དེ་དག་འཕྲོག་བཅོམ་བྱེད་དོགས་ཀྱིས་བོད་མི་ཚོས་ལྷ་ཁང་ཕྱི་རུ་བསྲུངས་ནས་བསྡད་ཅིང་། བོད་མི་ཚོས་ཨིན་ཇིར་རྡོ་འཕེན་ནས་མི་འདོད་པའི་རྣམ་འགྱུར་བསྟན་པ་མ་ཟད། སེ་ར་དགོན་པའི་དགེ་འདུན་པ་ཞིག་གིས་བློ་ཁོག་ཆེན་པའི་ངང་ནས་ལག་ཏུ་གྲི་ཐོགས་ཏེ། ཨིན་ཇིའི་དམག་སྒར་ནང་ཤོར་ནས་ཨིན་དམག་གཅིག་ལ་འཐབ་རྒོལ་བྱས་པའི་ཉེས་མིག་འོག་སྐེ་ཐག་བརྒྱབས་ཏེ་བཀྲོངས་པ་རེད། སྐབས་དེའི་དུས་སུ་བྱུང་བའི་ཛ་དྲག་གནས་སྟངས་རྣམས་ལ་པར་ལེན་བྱས་པ་ཉུང་ཉུང་ལས་མེད། ཆེད་དཀོན་པའི་པར་རིས་འདི་ཚོའི་ནང་བོད་མི་ཚོས་འཇིགས་སྣང་མེད་པ་དང་དཔའ་ངར་ཆེན་པོས་ཨིན་ཇིའི་པར་ཆས་དང་པར་པ་ལ་ལྟ་བཞིན་ཡོད་ཀྱང་། པར་རིས་འགྲེལ་བཤད་ནང་ཨིན་ཇིའི་མདུན་དུ་ལངས་ནས་ལམ་འགོག་མཁན་གྱི་བོད་མི་དེ་དག་སུ་ཡིན་མིན་འགྲེལ་བཤད་བརྒྱབས་མེད།

པར་པ་ཇོན་ ཁི་ལོ་ཌི་ ཝེ་ཊི་ཡིས་པར་རིས་འདིའི་འགྲེལ་བཤད་དུ་༼འབྲས་སྤུངས་དགོན་པའི་ཐང་ཆེན་གྱི་མཛེས་ལྗོངས།༽ ཞེས་བྲིས་ཡོད་པ་ཙམ་ལས། མིག་ཟུང་ཁོ་ལ་གཏད་པའི་བོད་མི་དེ་དག་ཡང་སྙིང་སུ་ཡིན་མིན་གྱི་འགྲེལ་བརྗོད་བྱས་མེད།