རྒྱལ་རྩེ།
ཞི་བདེའི་དཔལ་ལ་རོལ་བའི་ལུང་གཤོངས་འདིར། དམག་འཁྲུག་གི་འཇིགས་སྐྲག་བསླེབས། སྲང་ལམ་དང་ཁང་པའི་ནང་མི་རོ་དང་རྨས་མས་ཁྱབ། གྲོང་ཚོ་མེ་རུ་བསྒྲོན། འཆི་བ་དང་གཏོར་བཤིག་གིས་ཡོངས་སུ་ཁེངས།
ཧེན་རི་ ནིའུ་མན་གྱིས། ༼དམར་རྗེན་དུ་ཐོན་པའི་ལྷ་ས།༽ ཕྱི་ལོ་ ༡༩༠༥།

ཨིན་དམག་བོད་ལ་བསླེབས་ཏེ་བླངས་པའི་པར་རིས་མང་པོའི་ཁྲོད་ནས། པར་རིས་འདི་ནི་ཆེས་དམིགས་བསལ་དང་མཚོན་རྟགས་ཆེ་ཤོས་ཤིག་ཡིན། གང་ལ་ཞེ་ན། པར་ཆས་འཕྱར་བ་ནི་མེ་མདའ་འཕྱར་བའི་བྱ་སྤྱོད་ལྟར་དྲག་པོའི་བྱ་སྤྱོད་དང་འཇིགས་སྣང་སྐྱེ་གཞི་ཞིག་ཡིན་པ་དྲན་སྐུལ་སློང་གི་ཡོད། འོན་ཀྱང་། རང་སྒྲོན་འདྲ་པར་(selfie)དར་ཁྱབ་ཆེ་བའི་དུས་རབས་འདིར་མཚོན་ན། དེ་ནི་ཆེས་རྒྱུན་ལྡན་གྱི་གནས་སྟངས་ཤིག་ཏུ་གྱུར་ཡོད།
རྒྱལ་རྩེ་ནས་བླངས་པའི་པར་རིས་འདི་དག་གིས་ཨིན་ཇིའི་དམག་གིས་གཏོར་བརླག་བཏང་བའི་ཆ་ཤས་ཆུང་ངུ་ཙམ་ལས་མངོན་ཐུབ་ཀྱི་མེད། པར་རིས་ནང་དགོན་པའི་དགེ་འདུན་པ་ཚོའི་བསམ་པར། ཨིན་དམག་གིས་ཁོང་ཚོར་གཏད་པའི་པར་ཆས་ནི་མེ་མདའ་ཡིན་ནམ་སྙམ་ནས་དངངས་སྐྲག་སྐྱེས་ཏེ་འབྲོས་བཞིན་པ་རེད། གཞན་ཡང་། པར་རིས་ནང་ཨིན་ཇིའི་དམག་འགོག་ཐབས་སླད་བོད་མི་ཚོས་བརྩིགས་པའི་གྱང་རོ་དང་། བོད་པའི་དམག་དཔོན་ཞིག་གིས་དར་དཀར་འཕྱར་ནས་དམག་འཁྲུག་མཚམས་འཇོག་དགོས་པའི་བརྡ་གཏོང་བཞིན་པ་རེད། པར་རིས་དེ་དག་ཁྲོད་འཁོད་པའི་བཀོད་པ་རྣམས་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གང་ཡིན་ཞེ་ན། ཨིན་དམག་གིས་གཏོར་བརླག་མ་བཏང་གོང་གི་གལ་ཆེའི་ས་ཁུལ་གྱི་མཐོང་ཐོས་རྣམས་ཉར་ཚགས་ཐོག་མ་ཡིན་ལ་མཐའ་མ་དེའང་ཆགས་ཡོད།

རྒྱལ་རྩེ་རྫོང་གི་པར་འདི་ནི་ཕྱི་ལོ་ ༡༩༠༤ ཟླ་ ༠༤ ནང་བླངས་པ་ཞིག་ཡིན། ལོ་དེའི་ཟླ་ ༠༧ ཚེས་ ༠༥ ཉིན་ཨིན་དམག་གིས་འབར་རྫས་བརྒྱབས་ནས་མ་གཏོར་གོང་གི་རྣམ་པ་ཞིག་རེད། ལོ་དེའི་ཕྱི་ཟླ་ ༠༥ པ་ནས་ཟླ་ ༠༧ བར་བོད་དམག་གིས་ཨིན་ཇིའི་དམག་དཔུང་དང་འཐབ་འཁྲུག་དྲག་པོ་བྱས་ཏེ་མི་གསོད་ཁྲག་སྦྱོར་ཤུགས་ཆེ་བྱུང་། ཨིན་ཇིའི་དམག་དཔུང་རྫོང་གི་ཉེ་འགྲམ་དུ་རིམ་གྱིས་བསླེབས་ཏེ་བཙན་བཟུང་བྱེད་ལ་ཉེ་བ་དང་། ཁོ་ཚོས་གནས་རྙིང་དགོན་དང་བརྩེ་ཆེན་དགོན་གྱི་རྟེན་གཙོ་དང་རྒྱུ་དངོས། དེ་བཞིན་ཕ་ལྷའི་གཞིས་ཀ་བཅས་འཕྲོག་བཅོམ་དང་རྩ་གཏོར་བཏང་ཡོད།
པར་རིས་འདི་དག་གིས་ང་ཚོར་ཨིན་ཇིས་རྒྱལ་རྩེའི་ས་ཁུལ་གང་དུ་དམག་སྒར་བརྒྱབས་ཡོད་མེད་ར་སྤྲོད་བྱེད་ཐུབ་ཀྱི་ཡོད་པ་རེད། དེའང་ཨིན་ཇིའི་དམག་དཔུང་རྣམས་ཐོག་མར་ལྕང་ལོ་གཞིས་ཀར་གནས་ཆགས་པ་དང་། དེ་རྗེས་མཁའ་རེག་ལ། དེ་བཞིན་འབྲོང་རྩེ་དགོན་གྱི་གཤམ་དུ་བཅས་སུ་གནས་སྤོ་བྱས། དམག་འཐབ་འགོ་མ་འཛུགས་གོང་ཨིན་ཇིའི་དམག་མི་རྣམས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེས་གཙོས་པའི་ས་གནས་གང་སར་ཡུལ་སྐོར་སྤྲོ་འཆམ་བྱེད་ཀྱི་ཡོད་པ་པར་རིས་ཁག་གཅིག་ལས་ཤེས་ཐུབ།

བོད་མི་གྲོང་གསེབ་པ་ཚོ་དང་དམག་མི་ཚོས་ཨིན་དམག་འགོག་ཆེད་གྲོང་གསེབ་ཀྱི་མཐའ་མཚམས་ཡོངས་སུ་འཛིང་རགས་བརྩིགས། པར་རིས་འདི་ནི་ཕལ་ཆེ་རྒྱལ་རྩེའི་ཉེ་འགྲམ་དུ་ཡོད་པའི་གནས་རྙིང་དུ་བླངས་ཡོད་པ་དང་། དེའི་ནང་དུ་འགོག་སྲུང་གི་འཛིང་རགས་གསལ་ཡོད། ཨིན་དམག་གིས་ཕྱི་ཟླ་ ༠༦ ཚེས་ ༢༦ ཉིན་གནས་རྙིང་དགོན་པས་གཙོས་པའི་ཉེ་འཁོར་གྱི་གྲོང་གསེབ་ཁག་ལ་འཕྲོག་བཅོམ་དང་ཧ་ལམ་རྩ་མེད་བཟོས་པ་རེད།
ཞི་བདེའི་དཔལ་ལ་རོལ་བའི་ལུང་གཤོངས་འདིར། དམག་འཁྲུག་གི་འཇིགས་སྐྲག་བསླེབས། སྲང་ལམ་དང་ཁང་པའི་ནང་མི་རོ་དང་རྨས་མས་ཁྱབ། གྲོང་ཚོ་མེ་རུ་བསྒྲོན། འཆི་བ་དང་གཏོར་བཤིག་གིས་ཡོངས་སུ་ཁེངས་སོང་།