བོད་ས་བཟུང་བ།
ཨིན་ཇི་བོད་ཀྱི་ལྷ་སར་འཛུལ་སྐབས་ཀྱི་མི་སེར་སྤེལ་བའི་རིང་ལུགས་དང་པར་ཆས།
ཕྱི་ལོ་ ༡༩༠༣ ཟླ་ ༡༢ པའི་ནང་རྡོར་གླིང་དང་། སྒང་ཏོག །དེ་བཞིན་ཀ་ལི་སྤུངས་བཅས་ནས་ཨིན་ཇི་དང་སིག་དམག་མི་གྲངས་ ༡༠༠༠ ལྷག་དང་། དེ་བཞིན་རྒྱ་གར་ལས་མི་གྲངས་ ༧༠༠༠ ཙམ་བོད་ཕྱོགས་སུ་རྡོག་ཐོན་བྱས་ཤིང་། ཁོང་ཚོའི་དམིགས་ཡུལ་ནི་བོད་ནང་འབྱོར་ཐུབ་པ་བྱ་རྒྱུ་དེ་རེད།

ཨིན་ཇིའི་དམག་དཔོན་ཀཱ་ནལ་ ཧྥུ་རན་སེ་སི་ ཡཱང་ཧ་སི་བན་གྱིས་འགོ་ཁྲིད་པའི་བོད་ནང་བསྐྱོད་རྒྱུའི་ལས་གཞི་དེ་དོན་དངོས་སུ་བོད་ནང་དཔུང་དམག་གི་བཙན་འཛུལ་ཞིག་རེད། ཨིན་ཇིའི་དཔུང་སྡེ་དེ་དག་རིམ་བཞིན་གྲོ་མོ་ནས་ལྷ་ས་བར་རིམ་བཞིན་སྐྱོད་སྐབས། ཁོང་ཚོས་ལམ་བར་ནས་བྱུང་རྒྱལ་དུ་རི་དྭགས་རྔོན་པ་མ་ཟད། བོད་ཀྱི་དགོན་པ་དང་གཞིས་ཀ་སོགས་སུ་འཕྲོག་བཅོམ་བྱས་ཤིང་། ཁོང་ཚོ་བཀག་འགོག་བྱེད་མཁན་གྱི་བོད་དམག་མང་པོ་ཞིག་དམར་གསོད་བཏང་ཡོད། དུས་མཚུངས་སུ་མི་འགའ་ཤས་ཀྱིས་ལག་ཏུ་ཡོད་པའི་པར་ཆས་བཀོལ་ནས་ཡུལ་འདིའི་པར་རིས་ཡང་བླངས་ཡོད།

པར་རིས་འགྲེམས་སྟོན་འདི་ནི་ཕྱི་ལོ་ ༡༩༠༣ དང་ ༡༩༠༤ ནང་ཨིན་ཇིའི་དམག་མི་ཁག་ཅིག་གིས་བོད་ནང་སྐྱོད་སྐབས་བླངས་པའི་པར་རིས་ཡིན་ཞིང་། པར་རིས་འདི་དག་ཨིན་ཇིའི་གྲོང་ཁྱེར་ལི་ཝར་པུལ་རྒྱལ་ཡོངས་འགྲེམས་སྟོན་ཁང་ནང་ཉར་ཚག་བྱེད་ཡོད། པར་རིས་འདི་དག་བརྒྱུད་ནས་སྐབས་དེར་ཨིན་ཇིས་བོད་ནང་འཛུལ་བའི་བརྒྱུད་རིམ་དང་གནས་སྟངས་མང་པོ་ཞིག་ང་ཚོས་ཤེས་རྟོག་བྱེད་ཐུབ་ཀྱི་ཡོད། དཔེར་ན།
- ཨིན་ཇིའི་དམག་དཔུང་ལྷ་སར་འཛུལ་སྐབས་འབྲས་ལྗོངས་བརྒྱུད་ཀྱི་ཊེ་སི་ཊ་གཙང་པོ་ནས་ལྷ་སའི་བར་དུ་ཁོ་ཚོའི་གོམ་བགྲོད་ཀྱི་ལམ་ཁ་དེ་རྗེས་འདེད་བྱེད་ཐུབ།
- ཨིན་ཇིས་བོད་དེ་འཛམ་གླིང་ཕྱི་ལ་རྣམ་པ་ཇི་ལྟ་བུ་ཞིག་གི་ཐོག་ནས་འགྲེལ་བརྗོད་བགྱིས་ཡོད་པ་ཤེས་ཐུབ།
- པར་རིས་འདི་དག་དབྱིན་ཇིའི་འཁྱོག་བཤད་བྱས་པ་དང་གསང་གནས་བསྡུ་རུབ་བྱས་པ་ཞིག་ཡིན་པར་མཐོང་ཐུབ།
- ཨིན་ཇིས་བླངས་པའི་པར་རིས་འདི་དག་བརྒྱུད་ནས་བོད་མི་དང་རྒྱ་མི། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལས་བྱེད་མི་སྣ་སུ་ཡིན་ངོས་འཛིན་བྱེད་ཐུབ།
- ཨིན་ཇི་བོད་ནང་འཛུལ་སྐབས་བོད་མི་ཚོའི་རྣམ་འགྱུར་ཇི་ཡིན་ཤེས་ཐུབ།
- པར་རིས་འདི་དག་ནི་ད་ཆ་བོར་བརླག་ཏུ་ཕྱིན་པའི་མི་དང་ས་ཆའི་ཟིན་ཐོ་ཞིག་ཡིན་པར་བསམ་བློ་གཏོང་དགོས་པ།
པར་རིས་འགྲེམས་སྟོན་འདིར་ཨིན་ཇི་བོད་ནང་འཛུལ་སྐབས་སུ་བླངས་པའི་པར་དེབ་ཆེད་སྒྲིག་གཉིས་ཚུད་ཡོད། དང་པོ་དེ་ནི་ཨིན་ཇིའི་དམག་དཔུང་གི་གཞུང་འབྲེལ་པར་ལེན་པ་ཇོན་ ཁི་ལོ་ཌི་ ཝེ་ཊི་ཡིས་བླངས་པའི་ཆེད་སྒྲིག་ཅིག་དང་། གཉིས་པ་དེ་དམག་མིའི་སྨན་པ་ ཇེ་རལ་ཌི་ ཨོ་ཝེན་ ཌེ་ཝིས་ཀྱིས་བསྡུ་སྒྲིག་བགྱིས་པ་ཞིག་ཡིན་ལ། འདི་ག་འགྲེམས་སྟོན་ནས་པར་དེབ་ཆེད་སྒྲིག་དེ་གཉིས་གཟིགས་མོ་བ་རྣམས་ནས་ལྟ་ཀློག་བྱེད་ཐུབ་ཆེད་བསྐྱར་དུ་དེབ་ཕྲེང་གི་རྣམ་པའི་ཐོག་ནས་བཟོ་སྒྲིག་བྱས་ཡོད།

པར་རིས་འགྲེམས་སྟོན་འདི་ཉིད་ནི་ ༡༠༨ཞི་བདེ་ལྟེ་གནས་དང་ཨིན་ཡུལ་དུ་རྟེན་གཞི་བྱས་པའི་ལི་ཝར་ཕུལ་རྒྱལ་ཡོངས་འགྲེམས་སྟོན་ཁང་གཉིས་མཉམ་འབྲེལ་བྱས་པ་ཞིག་ཡིན། ང་ཚོའི་འགྲེམས་སྟོན་འདི་ལ་རྒྱབ་སྐྱོར་དང་ཞལ་འདེབས་གནང་མཁན་ལི་ཝར་ཕུལ་རྒྱལ་ཡོངས་འགྲེམས་སྟོན་ཁང་གི་ལྕམ་སྐུ་མེ་གྷན་ བྷེག་ཧོ་སི་ལགས་དང་། མན་ཆི་སི་ཊར་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་པ་ལྕམ་སྐུ་ཨེམ་མ་ མར་ཊིན་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།