པར་གྱི་དྲན་ཐོ།
༼ལྷ་སའི་པར་དེབ།༽ནང་གི་རྣམ་པ་དེ་དག་ད་ཆ་ཤུལ་མེད་དུ་གྱུར་པའམ་ཡང་ན་ངོས་འཛིན་མ་ཐུབ་པའི་རྣམ་པ་ཞིག་ཏུ་གྱུར་ཟིན། འགའ་ཤས་ཤིག་ཕྱི་ལོ་ ༡༩༠༤ ལོར་ཨིན་དམག་གིས་བཏོར་བ་དང་། འགའ་ཤས་ཤིག་ནི་ཕྱི་ལོ་ ༡༩༦༠ དང་ ༡༩༧༠ ཙམ་ནང་བྱུང་བའི་རྒྱ་ནག་གི་“རིག་གནས་གསར་བརྗེ་”ཟེར་བའི་སྐབས་སུ་རྩ་མེད་དུ་བཏང་བ་རེད། ཉེ་ལམ་ལ་མཚོན་ན་རྒྱ་གཞུང་གིས་འཛུགས་སྐྲུན་ཡར་རྒྱས་ཟེར་བའི་ལས་གཞི་འོག་གནའ་ཤུལ་དང་ས་གནས་གལ་ཆེ་མང་པོ་ཞིག་རྩ་མེད་དུ་བཏང་ཡོད།

ཕྱི་ལོ་ ༡༩༥༩ ཟླ་ ༠༣ ནང་“མི་དམངས་བཅིངས་གྲོལ་དམག་མི་”ཟེར་བས་གཏོར་བཤིག་བཏང་བའི་ལྕགས་པོ་རི་སྨན་རྩིས་ཁང་།
བོད་མི་རྣམས་ལ་མཚོན་ན། ད་ཆ་པར་རིས་འདི་དག་ནི་དྲན་པའི་རྟེན་ལྟ་བུར་གྱུར་ཡོད་ལ། པར་རིས་འདི་དག་གིས་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གི་“མི་དམངས་བཅིངས་འགྲོལ་དམག་”ཟེར་བས་བོད་ལ་བཙན་འཛུལ་མ་བྱས་གོང་གི་བོད་ཀྱི་གནས་སྟངས་གང་ཡིན་པ་དེ་ཉར་ཚགས་བྱས་ཡོད། ༼ལྷ་སའི་པར་དེབ།༽ནང་གི་པར་དེ་དག་དགའ་སྐྱོ་ཟུང་གིས་ཕྱུག་ཡོད་པ་ཞིག་རེད། གང་ལ་ཞེ་ན། དེས་ང་ཚོར་ལོ་བརྒྱའི་གོང་ལ་ཕྱི་ཤིག་རྒྱག་བཅུག་ནས་དེའི་ཚེ་དེའི་དུས་ཀྱི་གནས་སྟངས་གང་ཡིན་པ་རྣམས་ཤེས་རྟོག་ཐུབ་འཇུག་གི་ཡོད་པ་མ་ཟད། ཨིན་ཇིས་བོད་ས་བཙན་བཟུང་བྱས་པའི་བརྒྱུད་རིམ་དང་། རྒྱ་མིས་བོད་ས་ཧམ་བཟུང་བྱ་རྒྱུའི་རྔམ་སེམས་སྐྱེས་པའི་གནས་སྟངས་རྣམས་ཤེས་ཐུབ།

གཡུའི་ཐོག་ཁེབས་ཅན་གྱི་གཡུ་ཐོག་ཟམ་པ་དེ་སྔོན་ཆད་ལྷ་སའི་ཤར་ངོས་སུ་ཡོད་ཀྱང་། ད་སྐབས་ནི་བྲེལ་ཟིང་ཆེ་བའི་ཁྲོམ་གཞུང་ཞིག་ཏུ་གྱུར་ཟིན་ཡོད།

པར་རིས་འདི་ནི་ཕྱི་ལོ་ ༡༩༠༤ ཟླ་ ༠༨ པའི་ནང་བླངས། ལྷ་སའི་གྲོང་ཁྱེར་མཐའ་འཁོར་དུ་ལྡུམ་ར་མང་པོ་ཡོད་པ་མཐོང་ཐུབ།