དུད་འགྲོ་རུ་ཁག
གྲོ་མོ་རུ་འགྲོ་རྒྱུའི་ལམ་དེ་སྡུག་ཤོས་ཤིག་ཡིན་ཞིང་། ལམ་དེའི་འགྲོ་ལམ་ཀྱག་ཀྱོག་གི་མཚམས་སུ་དོས་པོ་འོར་འདྲེན་བྱེད་མཁན་དྲེལ་ཤི་བའི་ཕུང་པོ་མང་པོ་མཐོང་རྒྱུ་འདུག
——《ལྷ་ས་དམར་རྗེན་དུ་བཏོན་པ།》ཨིན་ཇིའི་རྩོམ་པ་པོ། ཨེ་ཌི་མོན་ ཀེན་ཌི་ལར། ཕྱི་ལོ་ ༡༩༠༥ ལོར་བརྩམས།

“དྲེལ་རྣམས་མཁའ་རེག་ལའི་གཤམ་གྱི་སྡོར་སྒར་ཡོད་ས་རུ་འབྱོར་མཚམས་ཐག་ པས་འདོགས་ཀྱི་ཡོད།“ – པར་པ། ཇོན་ ཁི་ལོ་ཌི་ ཝེ་ཊི་ཡིས་བླངས།
ཨིན་ཇིའི་དམག་དཔུང་བོད་ནང་འཛུལ་སྐབས་ཉེས་མེད་མང་པོ་ཞིག་འཆི་སྐྱོན་ཤོར་ཡོད། འོན་ཀྱང་འཆི་སྐྱོན་འཆོར་མཁན་ནི་དམག་མི་མིན་པར། དམག་མིའི་དུད་འགྲོ་རུ་ཁག་གི་སེམས་ཅན་སྟོང་ཕྲག་མང་པོ་ཞིག་ཆགས་ཡོད། སྐབས་དེར་གཡག་དང་། གླང་གོག །དྲེལ། དེ་བཞིན་རྟ་བཅས་སེམས་ཅན་སྟོང་ཕྲག་མང་པོ་ཞིག་ནད་ཡམས་དང་། བཀྲེས་སྐོམ། གྲང་ངར། དེ་བཞིན་གཟན་པས་གཙོས་པའི་ཐུན་རྐྱེན་ཞན་པའི་རྒྱུ་མཚན་སོགས་ལ་བརྟེན་ནས་འཆི་སྐྱོན་ཤོར་ཡོད།

ཤིང་རྟ་འཁོར་ལོ་བཟོ་བཅོས་བརྒྱབས་ཏེ་གཡག་ལ་འཕྲད་པ་བྱས་སྟབས། ཁོང་ཚོར་དོས་པོ་ནམ་རྒྱུན་ལས་མང་བ་འཁུར་ཐུབ་པའི་ཁྱད་པར་བཟོས་ཡོད། རྩོམ་པ་པོ། ཨེ་ཌི་མོན་ ཀེན་ཌི་ལར་གྱིས་བརྩམས་པའི་《ལྷ་ས་དམར་རྗེན་དུ་བཏོན་པ།》ཞེས་པའི་དེབ་ནང་དུ། “ཤིང་རྟ་འཁོར་ལོ་ཡང་པོ་ཡོད་པའི་ཁར། རྒོད་པོ་དང་ཤེད་ཤུགས་ཅན་གྱི་གཡག་ཅེས་པའི་སེམས་ཅན་གྱི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་ལྷ་སར་འབྱོར་ཐུབ་པ་རེད།”ཅེས་བྲིས་ཡོད།
འབྲི་གཡག་ལྔ་སྟོང་ལྷག་བལ་ཡུལ་ནས་འབྲས་ལྗོངས་བརྒྱུད་ནས་བོད་ལ་ཕྱིན་ཡོད་ཀྱང་། འབྲི་གཡག་གཅིག་ཀྱང་གསོན་པོར་གནས་ཐུབ་མེད། འབྲི་གཡག་འབོར་ཆེན་ཞིག་ཉིན་ལྟར་ཕྱུགས་ནད་གཉན་རིམས་དང་། སུག་ལག་གི་ན་ཚ། དེ་བཞིན་ཁ་ཚའི་ནད་ཡམས་སོགས་ཕོག་སྟེ་ཤི་ཡོད་ཅིང་། ཁོང་ཚོའི་ཟ་ཆས་དང་མཁོ་ཆས་རིགས་སྐྱེལ་འདྲེན་བྱེད་མཁན་དྲེལ་དང་རྟ་ཕྱེད་ཀ་ཙམ་ཞིག་ལྟོགས་སྐོམ་དང་ངལ་དུབ་ཀྱིས་ཤི་ཡོད། གལ་སྲིད་“དུད་འགྲོའི་སྟོབས་ཤུགས”འདི་དག་མེད་ན་ཨིན་ཇིའི་བཙན་འཛུལ་དམག་དཔུང་དུས་ནམ་ཡང་ལྷ་སར་འབྱོར་ཐུབ་ཀྱི་མ་རེད།

“བྱང་ཕྱོགས་ནས་མཐོང་བའི་པོ་ཏ་ལའི་བཀོད་པ།” པར་པ་ཇོན་ ཁི་ལོ་ཌི་ ཝེ་ཊི་ཡིས་བླངས་པའི་མཛེས་སྡུག་ལྡན་པའི་པར་རིས་ཤིག།