༢༠༢༦་ཟླ་༤ཚེས་༢༢་ཉིན་༡༠༨ཞི་བདེ་ལྟེ་གནས་དང་ཧི་མ་ཅལ་མཐོ་རིམ་གཙུག་ལགས་སློབ་གཉེར་ཁང་གི་ཁྲིམས་ལུགས་དང་ཆབ་སྲིད་སྡེ་ཚན་གཉིས་མཉམ་འབྲེལ་གྱིས་གཞོན་སྐྱེའི་བསམ་བློའི་སྟོབས་ཤུགས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་བྱས་ཡོད།
དེ་རིམ་དེའི་ཐོག་དཔལ་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཁང་གསར་རིན་པོ་ཆེ་་མཆོག་གདན་འདྲེན་ཞུས་དོན་ལྟར་ཆེད་ཕེབས་གནང་ཡོད། ཁོང་དང་མཉམ་དེ་གཙུག་ལག་ཁང་གི་སློབ་དཔོན་ཆེན་པོ་འབུམ་རམས་པ་མཁས་དབང་Bhawana Sharma་དང་འབུམ་རམས་པ་མཁས་དབང་ Het Ram Thakurགཉིས་དང་། ༡༠༨ཞི་བདེ་ལྟེ་གནས་ཀྱི་ལས་འཆར་འགན་འཛིན་བསྟན་འཛིན་སྒྲོལ་མཛེས་ཀྱང་ཕེབས་ཡོད། གསུང་བཤད་ཐོག ཁང་གསར་རིན་པོ་ཆེ་མཆོག་གིས་མིའི་བསམ་བློའི་འཁྱེར་སོར་ཇི་ལྟར་གལ་ཆེན་པོ་ཡིན་སྐོར་དང་མིའི་བསམ་བློ་གུ་ཡངས་དང་ཡར་རྒྱས་གཏོང་ནས་སོ་སོར་བདེ་བ་ཇི་ལྟར་བསྐྲུན་ཐབས་སྐོར་དཔེ་མཚོན་དང་བཅས་འགྲེལ་བརྗོད་གནང་པར་ཚོགས་བཅར་བ་རྣམས་ཀྱིས་དོ་སྣང་ཆེན་པོ་གནང་། རིན་པོ་ཆེ་མཆོག་གིས་དེང་དུས་ཚན་རིག་གི་གྲུབ་དོན་དང་ཉམས་ཞིབ་པ་ཚོས་ལོ་མང་ཉམས་ཞིབ་གནང་པའི་གྲུབ་དོན་རྣམས་བགྲངས་ནས་བདེ་སྐྱིད་ཀྱི་འབྱུང་ཁུངས་ནི་མིའི་བསམ་བློ་འཁྱེར་སོར་ལ་རག་ལས་ཡོད་སྐོར་འགྲེལ་བརྗོད་གནང་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱིས་མིའི་བསམ་བློ་དང་སེམས་ཁམས་སྐོར་ལ་ཇི་ལྟར་གསུང་གི་ཡོད་མེད་ཐད་འགྲེལ་བརྗོད་གནང་།
རིན་པོོ་ཆེ་མཆོག་གིས་སོ་སོས་སྒོམ་སྒྲུབ་གནང་པའི་ཉམས་མྱོང་ལས། སེམས་སྦྱོང་དང་སེམས་སྦྱོང་གི་ཕན་ཡོན། ད་དུང་སེམས་དང་སྲོག་གི་འབྲེལ་བའི་རྨང་གཞིའི་ཐོག་གང་ཟག་སྒེར་དང་སྤྱི་ཚོགས་ལ་བདེ་སྐྱིད་བསྐྲུན་ཐབས་སྐོར་འགྲེལ་བརྗོད་གསལ་པོ་གནང་། དེ་ནས་གཙུག་ལག་ཁང་གི་སློབ་དཔོན་རྣམ་པས་ཀྱང་རིན་པོ་ཆེའི་ཅི་གསུང་ལ་མོས་མཐུན་དང་། མ་འོངས་གཞོན་སྐྱེས་ཚོའི་བསམ་བློ་འཁྱེར་སོར་ནི་སོ་སོ་ལ་ཕན་པ། སྤྱི་ཚོགས་ལ་ཕན་པ། རྒྱལ་ཁབ་ལ་ཕན་པ། འཛམ་གླིང་ལ་ཕན་པ་སོགས་ཆུང་ས་ནས་ཆེ་སར་འཛིན་པའི་བསམ་བློ་འདི་ཤེས་བཟུང་དགོས་སྐོར་ནན་བརྗོད་གནང་སོང་།
མཐར་སློབ་མ་རྣམས་ཀྱི་འདྲི་བ་འདྲ་མིན་ཕུལ་པ་དང་དེ་དག་ལ་བཀའ་ལེན་ཡིན་ཚིམ་པ་གནང་ནས་ལས་རིམ་མཇུག་སྒྲིལ།
