མཁས་དབང་བློ་བཟང་སེང་གེ་མཆོག་དེབ་ཕྲེང་དབུ་འབྱེད་མཛད་སྒོ་ལ་གདན་འདྲེན་ཞུས་པ།

༢༠༢༦ཟླ་༩ཚེས་༡༥ཉིན།མཁས་དབང་SamvanSchaikལགས་ཀྱི་མཱ་རཱདྷི་སྐད་ཡིག་ཐོག་བསྒྱུར་བའི་བོད་ཀྱི་ལོ་རྒྱུས་དེབ་ཕྲེང་ཞིག་དབུ་འབྱེད་གནང་ཡོད།དེབ་ཕྲེང་དབུ་འབྱེད་ཀྱི་མཛད་སྒོ་དེའི་ཐོག༡༠༨ཞི་བདེ་ལྟེ་གནས་ཀྱི་ཚོགས་གཙོའམ་བོད་ཀྱི་སྲིད་ཟུར་མཁས་དབང་བློ་བཟང་སེང་གེ་མཆོག་དམིགས་བསལ་གདན་འདྲེན་ཞུས་ཡོད་པ་རེད།དེབ་ཕྲེང་དེ་ཐོག་མར་ཨ་རིའི་མཐོ་སློབ་Yale Universityནས་པར་བསྐྲུན་དང་འགྲེམ་སྤེལ་གནང་ཡོད་པ་རེད་འདུག དེབ་ཕྲེང་འདིའི་ནང་གཙོ་བོ་བོད་ཀྱི་གནའ་དེང་གི་ལོ་རྒྱུས་གལ་གནད་ཁག་གསལ་ཡོདཔ་དང་། མཛད་སྒོ་དེའི་སྒང་ཝ་ན་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་རིག་བདག་ཟུར་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་དང་བོད་མི་སྒྲིག་འཛུགས་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་གྱི་འཛམ་ལྷ་བསྟན་པ་རྒྱལ་མཚན་བཅས་ཀྱང་གདན་འདྲེན་ཞུས་ཡོད་པ་རེད།

ཐེངས་འདིའི་ལས་རིམ་ནི་Pune Universityགཙུག་ལག་སློབ་གཉེར་ཁང་གི་པཱ་ལི་དང་ནང་པའི་སློབ་གཉེར་སྡེ་ཚན་ནས་གོ་སྒྲིག་ཞུས་ཡོད་པ་དང་། དེའང་གཙོ་བོར་བོད་ཀྱི་ལོ་རྒྱུས་རྣམས་པཱ་ལི་སྐད་ཡིག་མཁྱེན་མཁན་རྣམས་ལ་ཤེས་སུ་འཇུག་རྒྱུ་དང་།  བོད་ཀྱི་གནས་དོན་ཐད་གོ་རྟོག་རྒྱ་ཆེར་སྤེལ་ཐབས་བྱེད་རྒྱུ་དེ་རེད་འདུག༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་དུ་དེབ་ཕྲེང་དེ་ལ་ཆེད་བརྗོད་མཛད་ཡོད་པ་དང་། ཁོང་གིས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཚད་མཐོན་པོ་གནང་འདུག

མཛད་སྒོ་དེའི་ཐོག་མཁས་དབང་བློ་བཟང་སེང་གེ་མཆོག་གིས་བོད་དང་རྒྱ་དཀར་གཉིས་དབར་འབྲེལ་བ་དམ་གཟབ་ཡིན་པ་དང་། ཁོང་གིས་རྒྱ་ནག་གིས་ད་བར་བོད་དེ་རྒྱ་ནག་ནས་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་སྐོར་ལ་གནད་ལུགས་དང་རྒྱུ་མཚན་སྒོ་ནས་དགག་སྒྲུབ་གནང་ཡོད། དེའང་ཁོང་གིས་གཉེན་སྒྲིག་དང་སོག་པོ།མིན་ཇི།གཏེར་ཁ་བསྔོ་འདོན།རྒྱ་ཆེའི་ངོ་རྒོལ་བཅས་དོན་ཚན་ལྔ་ནས་འགྲེལ་བརྗོད་གནང་ཡོད་པ་རེད། ཁོང་གིས་གསུང་གསལ་ལ། རྒྱ་ནག་གཞུང་གིས་རྒྱ་བཟའ་ཀོང་ཇོ་བོད་ལ་གནའ་མ་སླེབས་པ་དེས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་སྒྲུབ་ཀྱི་ཡོད་ནའང་། དེ་ནི་གནས་ལུགས་དང་རྒྱུ་མཚན་གང་ཡང་མེད་པའི་བཤད་སྟངས་ཤིག་ཡིན་པ་དང་།གནའ་ནས་ད་དབར་འཛམ་གླིང་ནང་རྒྱལ་ཁབ་ཕན་ཚུན་གྱིས་གཉེན་སྒྲིག་གི་ལམ་ནས་འཆམ་མཐུན་དང་རྒྱལ་ཁབ་ཕན་ཚུན་མཛའ་འབྲེལ་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད། གཉེན་སྒྲིག་ཅིག་བྱས་པའི་དབང་གིས་རྒྱལ་ཁབ་གཅིག་དེ་རྒྱལ་ཁབ་གཞན་དེའི་ཆ་ཤས་སུ་འགྱུར་འགྲོ་ན།ཡུ་རོབ་དང་ཨེ་ཤི་ཡའི་ནང་རྒྱལ་ཁབ་མང་པོས་འདི་ལྟར་གནང་ཡོད་པས། འོ་ན་ཁོང་ཚོ་ད་དུང་ཡང་རང་བཙན་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་གནས་ཡོད་པ་གང་ཡིན་ནམ་ཞེས་གསུངས།

དེ་ནས་ཁོང་གིས་རྒྱ་ནག་གི་རྒྱལ་བརྒྱུད་ཐང་དང་སོམ། ཡོན་དང་མིན། ཆེན་བཅས་རེ་རེ་ནས་རྒྱུ་མཚན་གནས་ལུགས་བགྲངས་ནས་བོད་ཀྱི་ལོ་རྒྱུས་ལ་འགྲེལ་བརྗོད་གནང་ཡོད་པ་མ་ཟད། བོད་ནི་༡༩༥༩ལོའི་གོང་ལ་རང་དབང་རང་བཙན་གཙང་མ་ཡིན་པའི་རྒྱལ་ཁབ་ཞིག་ཡིན་པ་གསལ་ཁ་སྟོན་ཡོད་པ་རེད།ཁོང་གིས་མུ་མཐུད་གསུང་ཡ་ལ། དེ་སྔ་ལོ་རྒྱུས་ཀྱི་དེབ་ཐེར་མང་པོའི་ནང་།སོག་པོ་རྒྱལ་པོ་ཁུ་ལེ་ཁང་གི་དུས་ཡུན་རིང་།བོད་སོག་གཉིས་དབར་ཆོས་ཕྱོགས་ཀྱི་འབྲེལ་བ་ཟབ་མོ་གྱུར་པ་དང་།རྒྱ་ནག་གི་རྒྱལ་པོ་ཁང་ཤིས་དང་ཆེན་ལོང་ཟེར་བ་སོགས་ཀྱང་ནང་ཆོས་ལ་དད་པ་ཆེན་པོ་གྱུར་ནས་བོད་དང་ཆོས་ཕྱོགས་ཀྱི་འབྲེལ་བ་ཆེན་པོ་བྱུང་ཡོད་སྐོར་གསུངས། ཁོང་གིས་མུ་མཐུད་༡༩༡༤ལོར་ཤིམ་ལ་ཆིངས་ཡིག་ McMahon Line འཇོག་པ་དང་།སྐབས་དེར་བོད་ཀྱིས་རང་དབང་རང་བཙན་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ཆ་ཤས་ལེན་ཡོད་སྐོར་གསུངས་པ་དང་།ཕྱི་ལོ་༡༩༥༩ལོ་ནས་རྒྱ་ནག་གིས་བོད་ས་ཡོངས་སུ་བཙན་འཛུལ་བྱས་ཡོད་པ་དང་།དེ་ནས་བོད་ཀྱི་མི་དམངས་རྣམས་ཀྱིས་ད་དབར་རྒྱ་ནག་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱས་དང་བྱེད་མུས་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

ཁོང་གིས་ད་དུང་དེ་སྔ་རྒྱ་གར་གཞུང་གིས་རྒྱ་ནག་གཞུང་ལ་ཡིད་ཆེས་ཆེན་པོ་གནང་ནའང་། ༡༩༦༢ལོར་རྒྱ་ནག་གིས་གློ་བུར་ཐོག་ལྕགས་ལ་རྒྱ་གར་གཞུང་ལ་དམག་རྒོལ་བྱས་ནས་ས་ཆ་མང་པོ་བཙན་བཟུང་བྱས་ཡོད་པ་དང་། དེ་ནས་ལོ་ཤས་སྔོན་ལ་དྭགས་ཀྱི་ས་མཚམས་སུ་རྒྱ་ནག་གི་དམག་རྒོལ་བྱས་པ་དང་ཉེ་བའི་ཆར་ཨ་རི་ན་ཅལ་མངའ་སྡེ་རྒྱ་ནག་གི་ཆ་ཤས་ཡིན་ཞེས་དམག་རྒོལ་དང་རྙོག་གྲ་བཟོས་པ་སོགས་གང་ལྟར་རྒྱ་ནག་གཞུང་གིས་རྒྱ་གར་ལ་ལྷིངས་འཇགས་ཤིག་བསྐྲུན་རྒྱུ་མིན་པ་གསལ་པོ་ཡིན་པ་དང་།གནས་སྟངས་དེའི་འོག རྒྱ་གར་གཞུང་གིས་བོད་ཀྱི་གནས་དོན་ཐད་རྒྱབ་སྐྱོར་གནང་རྒྱུ་ནི་རྒྱ་གར་གཞུང་ལའང་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་སོང་།