༢༠༢༥ལོའི་ཟླ་༩ཚེས་༩ཉིན། རྒྱ་གར་གྱི་མཐོ་སློབ་གྲགས་ཅན་JNU དང་༡༠༨ཞི་བདེ་ལྟེ་གནས་གཉིས་མཉམ་འབྲེལ་གྱི་མཁས་པའི་བགྲོ་གླེང་དང་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད། ལས་རིམ་དེའི་ཐོག བོད་ཀྱི་སྲིད་ཟུར་དང་ཧཱ་ཝ་ཊི་མཐོ་སློབ་ཀྱི་དགེ་རྒན་ཆེན་པོ་མཁས་བློ་བཟང་སེང་གེ་མཆོག་ཕེབས་ཡོད། མཐོ་སློབ་ཀྱི་རིག་བདག་དང་ལས་སྣེ་ཚོས་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ཕེབས་བསུ་སྣེ་ལེན་གཟབ་རྒྱས་གནང་པ་དང་། ཚོགས་ཐོག་ཏུ་མཁས་དབང་བློ་བཟང་སེང་གེ་མཆོག་གིསJNUམཐོ་སློབ་ནི་རྒྱ་གར་རྒྱལ་ས་ལྡི་ལི་ལ་བརྟན་གཞི་བྱེད་པའི་མཐོ་སློབ་གྲགས་ཅན་ཞིག་ཡིན་པ་དང་། མཐོ་སློབ་འདིའི་ནང་དེ་སྔ་བོད་ཀྱི་མཁས་པ་ཆེན་པོ་ཟླ་བ་ནོར་བུ་སོགས་ཀྱི་སློབ་ཁྲིད་བྱས་ཀྱི་ཡོད་པ་དང་། བོད་དང་རྒྱ་ནག་སྐོར་ལ་ཉམས་ཞིབ་ཀྱང་མང་པོ་གནང་ཡོད་པས། བོད་ཀྱི་གནས་དོན་ཐད་རྒྱུས་མངའ་ཆེན་པོ་ཡོད་ཡོད་པ་རེད་གསུངས། དེ་ནས་ཁོང་གིས་བོད་འདི་རྒྱ་གར་གཞུང་དམངས་གཉིས་ལ་གལ་ཆེན་ཇི་ལྟར་ཡིན་མིན་སྐོར་མང་པོ་གསུངས།
དེ་སྔ་རྒྱ་གར་གྱིས་རྒྱ་ནག་ལ་ཡིད་ཆེས་གནང་ཏེ་ཕན་ཚུན་དོན་ཚན་ལྔ་ཅན་གྱི་མཆན་ཡིག་བཞགས་པ་དང་། དེའི་རྗེས་རྒྱ་ནག་གིས་རྒྱ་གར་ལ་བཙན་འཛུལ་བྱེད་པའི་དམག་འཐབ་འགོ་འཛུགས་པ་སོགས་ནི་ལོ་རྒྱུས་ཀྱིས་རྒྱ་གར་ལ་བཞག་པའི་སློབ་ཚན་ཞིག་ཡིན་པས། མ་འོངས་པར་དེ་ལྟ་བུའི་གྱོང་གུན་ཞིག་མི་ཡོང་པར་ད་ལྟ་ནས་རྒྱ་ནག་གཞུང་ལ་དོ་ཟོན་གནང་ཡོད་གལ་མང་པོ་གསུངས།
དེའི་རྗེས་མཐོ་སློབ་ཀྱི་སློབ་དཔོན་ཆེན་པོ་ Prof. Manish Dabhade)ཀྱིས་གཙོ་སྐྱོང་བྱས་པ་དང་། བོད་དངརྒྱ་ནག རྒྱ་གར་སོགས་ཀྱིས་ས་ཁང་ཁྱབ་ཁོངས་ཆབ་སྲིད་ཀྱི་གནད་འགགས་ཇི་ལྟར་ཡིན་མིན་སྐོར་བགྲོ་གླེང་གནང་པ་དང་དགེ་ལས་སློབ་མ་རྣམས་ཀྱིས་དྲི་བ་དག་ལ་ལན་འདེབས་ཞུས་པ་སོགས་གནང་།དེའི་རྗེས་མཐོ་སློབ་ཀྱི་ལས་སྣེ་ཚོས་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ཆེ་བསྟོད་ཀྱི་ལག་རྟགས་ཕུལ་པ་དང་། མ་འོངས་པར་ལས་རིམ་འདི་འདྲ་བོ་གང་མང་སྤེལ་རྒྱུ་ཡིན་སྐོར་གསུངས།
མཐར་མཁས་དབང་བློ་བཟང་སེང་གེ་མཆོག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསར་ཏུ་མཛད་པའི་དེབ་བོད་དང་བོད་མིའི་འགྲིན་ཚབ་ཅེས་པ་དེ་མཐོ་སློབ་ལས་སྣེ་རྣམས་ལ་ལག་རྟགས་ཚུལ་དུ་གནང་ནས་ལས་རིམ་དེ་ཉིད་རྒྱལ་ཁ་ངང་གྲུབ་པ་རེད།
