ཕྱི་ལོ་༢༠༢༥ཟླ་༡༠ཚེས་༡༥ཉིན། ༡༠༨ཞི་བདེ་ལྟེ་གནས་དང་རྒྱ་གར་ལྷོ་ཕྱོགས་བརྟན་གཞི་བྱེད་པའི་ཁྲིམས་ལུགས་མཐོ་སློབ་གྲགས་ཅན་J.S.S. Law College (Autonomous), Mysuru, གཉིས་མཉམ་འབྲེལ་གྱི་ཁོར་ཡུག་སྐོར་དྲྭ་ཐོག་བགྲོ་གླེང་གི་ལས་ཚན་ཞིག་གོ་སྒྲིག་བྱེད་ཡོད། བགྲོ་གླེང་དེའི་ཐོག་ཁོར་ཡུག་ཁྱད་ལས་མཁན་འབུམ་རམས་པ་བློ་བཟང་གཡང་འཛོམ་ལ་གདན་ཞུས་ཀྱི་ཁྱེད་ཕེབས་གནང་ཡོད།
བློ་བཟང་གཡང་འཛོམ་ལགས་ཀྱིས། བོད་ཀྱི་ཁོར་ཡུག་ནི་བོད་ཙམ་དུ་མ་ཟད་འཛམ་གླིང་གི་ཁོར་ཡུག་འགྱུར་འགྲོས་ལ་ཤུགས་རྐྱེན་ཆེན་པོ་ཡོད་པ་ཞིག་ཡིན་པ་དང་། བོད་ནང་གཏེར་ཁ་འདྲ་མིན་མང་པོ་ཡོད་པ་མ་ཟད། དེང་སང་ཚན་རྩལ་མ་ལག་རྣམས་ལ་མཁོ་དགོས་ཆེ་བའི་གཏེར་ཁའང་མང་པོ་ཡོད་པ་ཡིན་དུས། རྒྱ་ནག་གཞུང་གི་བོད་ཀྱི་གཏེར་ཁ་བསྔོགས་བཏོན་བྱེད་པ་བྲེལ་ལ་ཡིན་པ་དང་། ཁོར་ཡུག་གཏོར་སྐྱོན་དང་གཏེར་ཁ་བསྔོགས་འདོན་བྱེད་པའི་རྒྱུད་རིམ་ཁྲོད། བོད་མི་ས་ཡ་མང་པོའི་འཚོ་སྡོད་ལ་དཀའ་ངལ་བཟོ་གི་ཡོད་པ་མ་ཟད། འཛམ་གླིང་གི་ཁོར་ཡུག་འགྱུར་འགྲོས་དང་གནམ་གཤིས་ཚ་སྒྱུར་བྱེད་པའི་ཐད་དོ་ཕོག་ཆེན་པོ་འགྲོ་ཡོད་སྐོར་གསུངས།

བོད་ཀྱི་ཁོར་ཡུག་གི་ས་ཁམས་ཆབ་སྲིད་ཐད་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱུགས་ཆ་དག་གི་ཐོག་ཆུ་མཛོད་མང་པོ་བསྐྲུན་པ་དང་། ཆུ་མཛོད་དེ་དག་ལས་བྱུང་བའི་གློག་ཤུགས་རྣམས་ཚོང་འབྲེལ་གྱིས་ལག་ཆ་རུ་སྒྱུར་པ་མ་ཟད། ཆུ་མཛོད་མང་ཆེ་ས་མཚམས་སུ་ཡོད་པས། གནད་འགག་ལ་ཐུག་དུས། རྒྱུ་ནག་གི་ཆུ་མཛོད་ཀྱི་ཆུ་ཤུགས་ལ་བརྟེན་ནས་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་འཇིག་བསྐུལ་བྱེད་ཐུབ་ཀྱི་ཡོད་པས། མ་འོངས་པར་རྒྱ་གར་གཙོ་ཁྱིམ་མཚེས་རྒྱལ་ཁབ་གང་མང་ལ་ལྡོག་ཏུ་མེད་པའི་དཀའ་ངལ་འཕྲེད་རྒྱུ་ཡིན་སྐོར་གསུངས། མཐར་ཁོང་གིས་དགེ་ལས་རྣམས་ཀྱི་དྲི་བ་དག་ལ་ལན་འདེབས་བྱས་པ་དང་ལས་རིམ་རྒྱལ་ཁ་ངང་མཇུག་སྒྲིལ།
