༄༅། །ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡༡ ཚེས་ ༡༩ ཉིན་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲད་ཁང་ཆེ་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཐའེ་ཝན་ཚོགས་གཉིས་ཆོས་ཚོགས་ཁོངས་ཐུབ་བསྟན་ཆོས་གླིང་དགོན་དང་། ཟླ་གྲགས་འོད་ཟེར་གླིང་དགོན།ནན་ཧའེ་བཙུན་དགོན་བཅས་གྱི་རྒྱ་རིགས་གྲྭ་བཙུན་༡༨༠ལྷག་གིས་༸སྐུའི་གོ་སྟོན་དང་འབྲེལ་དྲང་ངེས་ལེགས་བཤད་སྙིང་པོ་བོད་སྐད་དུ་བློ་རྒྱུགས་ཀྱི་མཆོད་པ་ཕུལ་ཡོད་པ་རེད།དེ་ཡང་སྔ་དྲོ་ཆུ་ཚོད་༩།༠༠ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་ཡིག་ཚང་མཇལ་འཕྲད་ཁང་ཆེ་བར་ཆིབས་བསྒྱུར་བསྐྱངས་ཤིང་།མགོན་པོ་གང་ཉིད་མཆོག་༸ཞབས་སྟེགས་སུ་འཁོད་མཚམས་རྒྱ་རིགས་དགེ་འདུན་པ་དང་བཙུན་མ་ཐུན་མོང་གིས་རྒྱ་སྐད་ཐོག་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་རབ་འབྱམས་རྒྱལ་བ་མ་གསུང་འདོན་དང་།ཆོས་ཚོགས་ཡོངས་ཀྱི་འཐུས་ཚབ་དགེ་སློང་ལྔ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས།དེ་མུར་རྒྱ་གྲྭ་བཙུན་༡༨༠ཡིས་བོད་སྐད་དུ་དྲང་ངེས་ལེགས་བཤད་སྙིང་པོ་བློ་རྒྱུགས་ཀྱི་མཆོད་པ་ཕུལ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

དུས་ཀྱི་ཁྱད་པར་དབང་གིས་བོད་ནང་དུ་ཧ་ཅང་ཉམས་ཆག་ཕྱིན་ཟིན་པ་རེད།ངོས་རང་འདིར་བཙན་བྱོལ་བོད་མིའི་གྲས་སུ་སླེབས་ནས་ག་ཚོད་ཐུབ་ཐུབ་ཀྱིས་དཔེ་ཆར་བལྟས་པ་ཡིན།དེ་ལྟ་བུའི་མཐུན་རྐྱེན་སྦྱར་ཞིང་འགལ་རྐྱེན་སེལ་མཁན་གྱི་ཆོས་གྲོགས་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།འཛམ་གླིང་འདིར་སངས་རྒྱས་པའི་ཆོས་སྤུས་དག་ཤོས་ཤིག་ཡོད་པ་ནི་ང་ཚོའི་བོད་ལ་ཡོད་པ་འདི་རེད་འདུག
རྒྱ་ནག་ཏུའང་དེང་སང་ནང་ཆོས་ལ་དོ་སྣང་ཤུགས་ཆེན་པོ་འདུགདེར་བརྟེན།ང་ཚོ་བོད་དུ་སློབ་སྦྱོང་བྱས་ནས་ཡོད་པའི་ནང་པའི་ཆོས་འདི་རིམ་པར་རྒྱ་ཡིག་ནང་དུ་ཏོག་ཙམ་ཁྱབ་སྤེལ་བྱེད་ཐུབ་ན་བསམ་གྱི་འདུགང་ཚོ་བོད་པ་ཚོས་རྒྱ་མིའི་ཁ་ཟས་ཞིམ་པོ་དེ་བཟས།ང་ཚོས་ལོ་མང་རིང་བློ་འཛིན་དང་འགྲེལ་བ་དང་ཡང་འགྲེལ་གྱིས་རྒྱུས་ཡོད་ཡིན་པ་དེ་གྲོགས་པོ་ཚོར་ཁྱབ་སྤེལ་བྱེད་པའི་དུས་ཚོད་ཅིག་ཕལ་ཆེར་སླེབས་འདུགརྒྱ་ནག་ཏུ་འགྱུར་བ་མང་པོ་འགྲོ་བཞིན་འདུག་པ་དང་།ནང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་འདུགདེ་རིང་འདིར་རྒྱ་རིགས་ནང་དྲང་ངེས་ལེགས་བཤད་སྙིང་པོ་བློ་ནས་འདོན་རྒྱུ་ཡོད་མཁན་མི་སྣ་འཛོམས་པར་ངོས་རང་ཧ་ཅང་དགའ་བོ་བྱུང་།རིམ་པས་རྒྱ་ནག་ཏུ་དྲང་ངེས་ལེགས་བཤད་སྙིང་པོ་འཆད་ཉན་བྱེད་པའི་གོ་སྐབས་ཤིག་ཏན་ཏན་ཡོང་རྒྱུ་རེད།ཁྱོད་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཞེས་བཀའ་སློབ་བཀའ་དྲིན་སྩལ་རྗེས་བློ་རྒྱུགས་འབུལ་མཁན་ཐའེ་ཝན་གྱི་རྒྱ་རིགས་དགེ་འདུན་པ་དང་བཙུན་མ་རྣམས་ཀྱིས་གཙོས་དད་ལྡན་ཁྱོན་༢༥༠ཙམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་དྲན་རྟེན་སྐུ་པར་སྒྲོན་རྗེས་མགོན་པོ་མཆོག་སོག་རིགས་ཀྱིས་གཙོས་དད་ལྡན་བརྒྱ་ཕྲག་ལ་མཇལ་ཁ་སྩལ་བར་ཆིབས་བསྒྱུར་བསྐྱངས་ཤིང་།ཐའེ་ཝན་གྱི་རྒྱ་རིགས་གྲྭ་བཙུན་ཚོས་དམིགས་བརྩེ་མ་འདོན་དབྱངས་དང་བཅས་ཕེབས་སྐྱེལ་བྱས་ཡོད།