ཚེ་རིང་གཡུ་སྒྲོན་ལགས་ནི། ༡༠༨ཞི་བདེ་ལྟེ་གནས་ཀྱི་ལས་འཆར་འགན་འཛིན་ཡིན་ཞིང་། དེ་སྔོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བལ་ཡུལ་ཡན་ལག་ལས་ཁུངས་སུ་ལས་འཆར་འགན་འཛིན་དང་ལས་རིམ་འབྲེལ་མཐུད་པའི་ཕྱག་ལས་མི་ལོ་དྲུག་རིང་ལ་གནང་མྱོང་ཡོད། མོ་ལ་མཚོན་ན། ལས་འཆར་སྒྲིག་པ་དང་། ཇུས་འགོད་བྱེད་པ། ལས་གཞི་དོ་དམ་བྱེད་པ། དེ་བཞིན་ས་གནས་ཀྱི་ཚོགས་པ་དང་མི་སྒེར་གྱི་ནུས་པ་སྐྱེད་སྲིང་གི་ལས་གཞིར་དོ་དམ་བྱེད་པ་སོགས་ལ་ཆེད་ལས་རང་བཞིན་གྱི་ནུས་རྩལ་ཡོད། ཚེ་རིང་ལགས་ནི། ཨ་རི་ནིའུ་ཡོག་ཏུ་ཡོད་པའི་རཱོ་ཅེ་སི་ཊར་འཕྲུལ་རིག་སློབ་གཉེར་ཁང་(RIT) ནས་ཚོང་ལས་དོ་དམ་རིག་པའི་གཙུག་ལག་རབ་འབྱམས་པ་(MBA)ཡི་ཡོན་གནས་འཐོབ་མཁན་ཞིག་ཡིན།