བསྟན་འཛིན་སྒྲོན་མཛེས།

ལས་འཆར་འགན་འཛིན།

བསྟན་འཛིན་སྒྲོན་མཛེས་ལགས་ནི། ༡༠༨ཞི་བདེ་ལྟེ་གནས་ཀྱི་ལས་འཆར་འགན་འཛིན་ཡིན་ཞིང་། དེ་སྔོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་སུ་ལས་འཆར་འགན་འཛིན་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པའི་ཕྱག་ལས་གནང་མྱོང་ཡོད། ཁོ་མོར་ལས་འཆར་སྒྲིག་པ་དང་། ཇུས་འགོད་བྱེད་པ། དེ་བཞིན་ལས་འཆར་སྟངས་འཛིན་བྱེད་ཕྱོགས་བཅས་ཀྱི་ཐད་ལ་ཉམས་མྱོང་ཕུན་སུམ་ཚོགས་པོས་ཕྱུག་ཡོད་ལ། དེ་སྔོན་བོད་མིའི་སློབ་ཡོན་ལས་གཞིའི་འོག་ནས་ཨ་རི་ནིའུ་ཡོག་གྲོང་ཁྱེར་གྱི་རཱོ་ཆི་སི་ཊར་འཕྲུལ་རིག་སློབ་གཉེར་ཁང་(RIT)ནས་ཚོང་ལས་དོ་དམ་རིག་པའི་གཙུག་ལག་རབ་འབྱམས་པ་(MBA)ཡི་ཡོན་གནས་འཐོབ་མཁན་ཞིག་ཡིན།