བློ་བཟང་གྲགས་པ།

ལག་བསྟར་སྤྱི་ཁྱབ་འགན་འཛིན།

བློ་བཟང་གྲགས་པ་ནི་༡༠༨ཞི་བདེ་ལྟེ་གནས་ཀྱི་ལག་བསྟར་འགན་འཛིན་ཡིན།ཕྱི་ལོ་༢༠༡༦ནས་༢༠༢༡དབར་ཁོང་གིས་བོད་མི་མང་སྤྱི་འཐུས་ཀྱི་ཕྱག་ལས་གནང་།ཁྲིམས་ལུགས་མཐོ་སློབ་ National Law school of India University, Bangalore དང་Mysore JSS Law School བརྒྱུདཁོང་ཉིད་་ཁྲིམས་ལུགས་རབ་འབྱམས་པ་ (LL.B) སློབ་མཐར་སོན། ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་ཁྲིམས་ལུགས་མཐོ་སློབ་Christ Law School, Bangalore ནས་ཁྲིམས་ལུགས་གཙུག་ལག་རབ་འབྱམས་པ (LL.M) མཐར་ཕྱིན་པ་གནང་པ་མ་ཟད།ཁོང་ནི་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་གསར་འཛུགས་གནང་མཁན་ཁོངས་ཀྱི་མི་སྣ་ཞིག་ཡིན་པ་དང་།ཕྱི་ལོ་༢༠༡༣ནས་༢༠༡༦བར་ཚོགས་པ་དེའི་སྤྱི་ཁྱབ་དྲུང་ཆེའི་ཕྱག་ལས་གནང་པ་དང་།ཕྱི་ལོ་༢༠༡༥ནས་༢༠༡༦དབར་ལོ་གཅིག་རིང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་རྒྱ་སྐད་གསར་འགོད་པ་རྒན་པའི་ཕྱག་ལས་གནང་ཡོད།ཕྱི་ལོ་༢༠༡༦ནས་༢༠༢༢དབར་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོའི་ཕྱག་ལས་གནང་པ་རེད།དུས་ཡུན་དེ་དག་གི་རིང་།ཁོང་གིས་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་དང་སློབ་གྲྭ་ཁག།གཞིས་ཆགས་ཁག་ཏུ་བསྐྱོད་ནས་བོད་མི་ཁྲི་སྟོང་མང་པོ་ལ་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་པ་མ་ཚད།ཁྲིམས་དོན་གྱི་དཀའ་ངལ་འཕྲད་པའི་བོད་མི་རྒྱ་ཕྲག་མང་པོ་ལ་ཕྱག་རོགས་གནང་ཡོད།ཁོང་གིས་བོད་མི་མང་སྤྱི་འཐུས་ཀྱི་ཕྱག་ལས་གནང་ཡུན་རིང་།རྒྱལ་ནང་དང་རྒྱལ་སྤྱིའི་ཚོགས་སྡེ་འདྲ་མིན་ཀྱིས་གདན་ཞུས་གནང་ཏེ་བརྗོད་གཞི་འདྲ་མིན་ཐོག་ཚོགས་འདུ་ཆེ་ཆུང་མང་པོ་ལ་ཆ་ཤས་གནང་ཡོད་པ་རེད།